གཟའ་མིག་དམར། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༣

སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་གོ་རིམ་དང་པ་འདི་ སྤྱི་ལོ་༢༠༡༩་ལུ་ ཕར་གྱང་འབད་མི་འདི་གིས་ ཟད་འགྲོ་དངུལ་ཀྲམ་ས་ཡ་སྟོང་ཕྲག་༣༥ལས་ དངུལ་ཀྲམ་ས་ཡ་༩༣ལུ་ ཡར་སེང་སོང་ཡོདཔ།

སྤྱི་ཟླ་༨ པའི་ཚེས་ ༣༠ ༢༠༡༦

PHPA-I races against time ༉ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་གོ་རིམ་དང་པ་འདི་ དུས་ཅི་ སྤྱི་ཟླ་༡༡པའི་ནང་ གྲུབ་ནི་སྦེ་ཨིན་རུང་ ན་ཧིང་ ཆུ་མཛོད་ཁང་བཟོ་བསྐྲུན་འབད་སའི་ས་ཁོངས་ནང་ལུ་ ས་རུད་ཆད་མི་ལས་བརྟེན་ཏེ་ ལས་འགུལ་འདི་ སྤྱི་ལོ་༢༠༡༩་སྤྱི་ཟླ་༡༡པའི་ནང་གྲུབ་ནི་སྦེ་ བཟོ་སྟེ་ཡོདཔ་ཨིན།

ཨིན་རུང་ ལས་འགུལ་གྱི་འཛིན་སྐྱོང་མདོ་ཆེན་ ཨར་ཨེན་ཁ་ཟཱན་ཅི་གིས་སླབ་མི་ནང་ ས་རུད་ཆད་སའི་ས་ཁོངས་ནང་ལུ་ ས་སྒོ་སྒྲིང་སྒྲིང་བཟོ་ནི་དང་ རྩིགཔ་བརྐྱབནི་གི་ལཱ་འདི་ མི་ཀྲར་༦༥དེ་ཅིག་རྐྱངམ་ཅིག་ ལུས་ཏེ་ཡོད་ཟེར་བཤད་ཅི།

འདི་ཡང་ རྡོ་སྦོམ་འདི་ཚུ་གུ་ལས་ ཧོ་ཀ་སྤེད་དེ་ རྩི་ས་འདི་ཚུ་བླུག་ཞིནམ་ལས་ ས་རུད་བཀག་ཐབས་ཀྱི་ལཱ་ཚུ་འབད་དེ་ཡོདཔ་ཨིན་མས།PHPA-I races against time--

ད་རུང་ འཛིན་སྐྱོང་མདོ་ཆེན་གྱིས་སླབ་མི་ནང་ ལས་འགུལ་བཟོ་བསྐྲུན་གྱི་ལཱ་ནང་ལས་ ཆུ་མཛོད་ཁང་འདི་རྐྱངམ་ཅིག་མ་གཏོགས་ གཞན་མི་ཚུ་ག་ར་ དུས་ཚོད་དང་འཁྲིལ་ཏེ་ ལེགས་ཤོམ་སྦེ་ར་འགྱོ་དོ་ཟེར་བཤད་ཅི།

ད་ལྟོ་ཚུན་ཚད་ཀྱི་བར་ན་ ལས་འགུལ་གྱི་ལཱ་བརྒྱ་ཆ་༧༨དེ་ཅིག་ མཇུག་བསྡུ་སྟེ་ཡོདཔ་སྦེ་ཨིན་མས།

ཨིན་རུང་ ལས་འགུལ་གྲུབ་ནི་གི་དུས་ཡུན་ དེ་སྦེ་ ཕར་གྱངས་འབད་དགོཔ་ཐོན་མི་འདི་གིས་ བཟོ་བསྐྲུན་གྱི་ཟད་རྩིས་ དངུལ་ཀྲམ་ས་ཡ་སྟོང་ཕྲག་༣༥ལས་ དངུལ་ཀྲམ་ས་ཡ་༩༣ལུ་ ཡར་སེང་སོང་ཡོདཔ་ཨིན་མས།

སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་ གོ་རིམ་དང་པ་གིས་ གློག་ཤུགས་མེ་ག་ཝཏ་ ༡༠༩༥དེ་ཅིག་བཟོ་བའི་རེ་བ་ཡོདཔ་ཨིན་མས།