གཟའ་པ་སངས། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༤

རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ལུ་ ཨ་ལུ་ཆགས་ནི་གི་སྨན་བཅོས་འགོ་བཙུགས་ཏེ་ཡོདཔ།

སྤྱི་ཟླ་༨ པའི་ཚེས་ ༣༠ ༢༠༡༦

FertilityClinic༉ ཨ་ལུ་ཆགས་མ་བཏུབ་མི་ འབྲུག་པའི་ཨམ་སྲུ་དང་རྨགཔ་ཚུ་གིས་ ད་ལས་ཕར་ ཨ་ལུ་ཆགས་ནི་གི་སྨན་བཅོས་ཞབས་ཏོག་གི་དོན་ལས་ ལཱ་ཁག་འབད་ ཕྱིའི་རྒྱལ་ཁབ་ནང་ལས་ཕར་ འགྱོ་མི་དགོ་ནི་ཨིན་མས།

འདི་ཡང་ ཁ་ཙ་ལས་ ཐིམ་ཕུག་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ལུ་ འདི་བཟུམ་གྱི་སྨན་བཅོས་ཀྱི་ཞབས་ཏོག་ཅིག་ འགོ་བཙུགས་ཏེ་ཡོད་མི་ལས་བརྟེན་ཏེ་ཨིན།

རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ལས་ མོ་ནད་མཁས་མཆོག་ ཕུརཔ་རྡོ་རྗེ་གིས་སླབ་མི་ནང་ སྨན་བཅོས་འདི་ཡང་ ཨ་ལུ་ཆགས་མ་བཏུབ་མི་ཨམ་སྲུ་ཚུ་གི་བུ་ཚང་ནང་ལུ་ རྨགཔ་གི་ཁུ་བ་ནང་ལས་སོན་བཙུགས་ཏེ་སྦེ་ ཨ་ལུ་ཆགས་བཏུབ་བཟོཝ་ཨིན་ཟེར་བཤད་ཅི།

ཨིན་རུང་ མོ་ནད་མཁས་མཆོག་འདི་གིས་སླབ་མི་ནང་ ཨ་ལུ་ཆགས་མ་བཏུབ་མི་འདི་ ཕོ་མོ་ག་ལས་བརྟེན་ཏེ་ཨིན་ན་ བལྟ་དགོ་ཟེར་ཨིན་མས།

ག་དེ་ཅིག་འབད་ ཕོ་ལས་བརྟེན་ཏེ་འབད་བ་ཅིན་ སྨན་བཅོས་འདི་ཐོབ་ནི་གི་དོན་ལས་ རྨགཔ་འདི་གི་ཐིག་ལས་ནང་ལས་ སོན་འདི་ ས་ཡ་༥་ལས་༡༥་གི་བར་ན་དགོ་ཟེར་བཤད་ཅི།

ཨིན་རུང་ ཕའི་ཁུ་བ་འདི་ གྱངས་ཁ་འདི་ལས་ཉུང་སུ་འབད་ཡོད་པ་ཅིན་ སྨན་བཅོས་འདི་ འབད་མི་ཚུགས་ནི་ཨིན་མས།

ཐིམ་ཕུག་འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་དང་འཁྲིལ་བ་ཅིན་ རྒྱ་གར་ལུ་ འདི་བཟུམ་གྱི་སྨན་བཅོས་ཅིག་འབད་དགོ་པ་ཅིན་ ཟད་འགྲོ་ཉུང་ཤོས་རང་ དངུལ་ཀྲམ་འབུམ་༣་དེ་ཅིག་གནསཔ་ཨིན་ཟེར་བཤད་ཅི།