གཟའ་ཉི་མ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༡

བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ ཕུན་ཚོགས་གླིང་ཨ་མོ་ཆུ་ལུ་ ཆུ་རུད་བཀག་ཐབས་ཀྱི་ལཱ་འབད་མི་སྡེ་ཚན་འདི་ ཁོ་ར་གིས་འབད་ འགོ་འཁྲིད་མཛད་ཡོདཔ།

སྤྱི་ཟླ་༧ པའི་ཚེས་ ༢༥ ༢༠༡༦

PM leads mitigation team at Amochhu ༉ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ ཁ་ཉིམ་ནུབ་མོ་ ཕུན་ཚོགས་གླིང་ཨ་མོ་ཆུ་ལུ་ ཆུ་རུད་བཀག་ཐབས་ཀྱི་ལཱ་འབད་མི་སྡེ་ཚན་འདི་ ཁོ་ར་གིས་འབད་ འགོ་འཁྲིད་འབད་ནུག

འདི་ཡང་ བློན་ཆེན་གྱིས་ ཁ་ཉིམ་ནུབ་མོ་ར་ ཐིམ་ཕུག་ གླིང་གཞི་ལས་འཕྲང་སྟེ་ ཨ་མོ་ཆུ་ལུ་ཕེབས་ཞིནམ་ལས་ རྒྱལ་གཞུང་བསྟན་སྲུང་དམག་མི་དང་ ཁྲིམས་སྲུང་འགག་པ་ དེ་ལས་ བདེ་སྲུངཔ་ཚུ་དང་ ཁས་བླང་པ་ཚུ་ འདི་བཟུམ་སྦེ་ ཁྲོམ་སྡེ་དང་རྫོང་ཁག་ དེ་ལས་ དྲུང་ཁག་གི་འགོ་དཔོན་ཚུ་ཡོད་པའི་ ཆུ་རུད་བཀག་ཐབས་ཀྱི་ལཱ་འབད་མི་སྡེ་ཚན་འདི་ འགོ་འཁྲིད་འབད་ནུག

བློན་ཆེན་དང་སྡེ་ཚན་འདི་གིས་ ཆུ་རུད་ཀྱི་ཉེན་ཁ་མར་ཕབ་འབད་ནི་གི་དོན་ལས་ ཆུ་བྱག་འདི་ཚུ་བརྐྱབ་ཏེ་ ནུབ་མོ་ཆུ་ཚོད་༡ཚུན་ཚོད་ར་ལཱ་འབད་ནུགPM leads mitigation team at Amochhu--

བློན་ཆེན་དང་གཅིག་ཁར་ ནང་སྲིད་དང་སྲོལ་འཛིན་བློན་པོ་ ཟླ་བ་རྒྱལ་མཚན་ཡང་ཡོདཔ་ཨིན་མས།

བདུན་ཕྲག་གཅིག་དེ་ཅིག་གི་རིང་ལུ་ ཆརཔ་ཤུགས་སྦེ་བརྐྱབ་མི་ལས་བརྟེན་ཏེ་ ཨ་མོ་ཆུ་བྲེས་ཏེ་སྦེ་ སྣུམ་འཁོར་བཅོ་ཁང་གི་ས་སྒོ་མང་ཤོས་ཅིག་ ཕྱགས་འབག་ཡོདཔ་དང་ མཛོད་ཁང་ཡང་ཆུའི་ནང་འཐིམ་ཏེ་ཡོདཔ་མ་ཚད་ དངུལ་ཀྲམ་ས་ཡ་༡དེ་ཅིག་གནས་པའི་ གཞི་བརྟེན་མཁོ་ཆས་དང་ རྒྱུ་ཅ་ལ་ཚུ་ མེདཔ་བཏང་ཡོདཔ་ཨིན།

ཅ་ཆས་དང་འཕྲུལ་ཆས་སྦོམ་ཚུ་ཡང་ ཆུའི་ནང་ལུ་འཐིམ་ཡོདཔ་མ་ཚད་ ཆུ་ཡི་མཐའ་མར་ ཁྱིམ་བརྐྱབ་པའི་བསྒང་སྦེ་ཡོད་མི་ཚུ་ཡང་ ཕྱགས་འབག་ཡོདཔ་ཨིན།

ང་བཅས་ཀྱི་གནས་ཚུལ་བསྡུ་ལེན་འབད་མི་ ཀུན་དགའ་བཀྲིས་ཀྱིས་སླབ་མི་ནང་ ཆུ་འདི་གིས་ ཉེ་འདབས་ལུ་ཡོད་མི་ཚུ་ག་ར་ ཕྱགས་འབག་ནི་གི་ཉེན་ཁ་སྦོམ་སྦེ་ར་འདུག་ཟེར་ཨིན་མས།