གཟའ་ཕུར་བུ། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༣

ཀི་དེབ་ཀྱི་ཚོང་ལམ་དེ་ཅིག་རང་མེད་རུང་ འབྲུག་མི་ཀི་དེབ་བརྩམ་མི་འདི་ ཡར་སེང་འགྱོ་སྟེ་ཡོདཔ།

སྤྱི་ཟླ་༦ པའི་ཚེས་ ༣༠ ༢༠༡༦

Youngest Bhutanese author comes out with another book༉ རྒྱལ་ཁབ་ནང་ལུ་ ཀི་དེབ་བརྩམ་མི་ཚུ་གིས་ ཚོང་འབྲེལ་དེ་ཅིག་རང་འཐབ་མི་ཚུགས་དོ་ཡོད་རུང་ འདས་པའི་ལོ་ཚུ་གི་ནང་ལུ་ འབྲུག་མི་ཚུ་གིས་བརྩམ་སྟེ་ཡོད་མི་ ཀི་དེབ་ཀྱི་གྱངས་ཁ་འདི་ ཡར་སེང་སོང་སྟེ་འདུག

འབྲུག་བརྡ་དོན་བརྒྱུད་འབྲེལ་དང་བརྡ་བརྒྱུད་དབང་འཛིན་གྱིས་ ན་ཧིང་ འབྲུག་མི་ཚུ་གིས་བྲིས་ཏེ་ཡོད་པའི་ཀི་དེབ་༥༤་ཐོ་བཀོད་འབད་དེ་ཡོདཔ་ལས་ སྤྱི་ལོ་༢༠༡༤་དང་ཕྱདཔ་ད་ ཀི་དེབ་༣༡་གིས་ ཡར་སེང་སོང་སྟེ་ཡོདཔ་སྦེ་ཨིན་མས།

འབྲུག་མི་ཚུ་གིས་བྲིས་ཏེ་ཡོད་མི་ ཀི་དེབ་ཚུ་གི་གྲལ་ལས་ ད་རེས་ ཀི་དེབ་གསརཔ་ཅིག་འདི་ དངོས་བྱུང་མེན་པའི་སྲུང་ལུ་གཞི་བཞག་སྟེ་བརྩམ་སྟེ་ཡོད་མི་ ལོམ་འབག་ཟེར་མི་ ཀི་དེབ་འདི་ཨིན།

ཀི་དེབ་འདི་ཡང་ གཟའ་ལྷགཔ་གི་ཚེ་ མི་དབང་རྒྱལ་ཡུམ་ རྡོ་རྗེ་དབང་མོ་དབང་ཕྱུག་མཆོག་གིས་ གསར་བཏོན་མཛད་གནང་ཡི།

ཀི་དེ་བ་འདི་ སྐྱེས་ལོ་༡༩་ལང་མི་ པདྨ་གཡུ་སྒྲོན་གྱིས་ བརྩམ་བརྩམ་ཨིནམ་ད་ པདྨ་མོ་ར་ ད་རེས་ ཡུ་ཨེས་ལུ་ ཤེས་ཡོན་སྦྱང་པའི་བསྒང་འབད་མི་ སློབ་ཕྲུག་གཅིག་ཨིན་མས།

མོ་གིས་ སྤྱི་ལོ་༢༠༠༨་ལུ་ཡང་ ཀ་མིང་ཧོམ་ཟེར་མི་ ཀི་དེབ་ཅིག་བརྩམ་སྟེ་ཡོདཔ་ལས་ འབྲུག་པའི་རྩོམ་པ་པོ་ ཆུང་ཤོས་ཀྱི་མིང་གཏམ་ཡང་ ཐོབ་སྟེ་ཡོདཔ་ཨིན།

པདྨ་གཡུ་སྒྲོན་འདི་ སྤ་རོ་ལས་ཨིནམ་ད་ མོ་གིས་ ཀི་དེབ་འགོ་དང་པ་བྲིས་བའི་སྐབས་ སྐྱེས་ལོ་༡༢་སྦེ་སྡོད་ནུག

མོ་གིས་ ཀི་དེབ་བྲིས་ནི་འདི་ཡང་ སྐྱེས་ལོ་༥་དེ་ཅིག་ཁ་ལས་ ཀི་དེབ་ལྷག་ནི་ནང་ སྤྲོ་བ་སྦོམ་སྦེ་རང་བྱུང་པའི་ཤུལ་ སྐྱེས་ལོ་༡༢་ལས་ བྲིས་ནི་འདི་ཡང་ འགོ་བཙུགས་ནུག

འབྲུག་ལུ་ ཀི་དེབ་བརྩམ་མི་ཚུ་ལུ་ ཚོང་ལམ་དེ་ཅིག་རང་མེད་རུང་ པདྨ་གཡུ་སྒྲོན་གྱིས་སླབ་མི་ནང་ ཀི་དེབ་དཔར་བསྐྲུན་འབད་ནི་འདི་ ལཱ་ཁག་ཅིག་མེདཔ་ལས་ ག་ར་གིས་ ཀི་དེབ་བྲིས་ནི་ནང་ སྤྲོ་བ་ལེན་དགོཔ་འདུག་ཟེར་བཤད་ཅི།

ལོམ་འབག་ཟེར་མི་ཀི་དེབ་འདི་ནང་ལུ་ སྤ་རོ་དང་ཧཱ་རྫོང་ཁག་ནང་ལུ་ རྩིས་སྲོལ་ཡོད་མི་ ལོམ་འབག་གི་ལོ་གསར་གྱི་སྐབས་ལུ་ སྲུང་རྩེདཔ་འདི་གིས་ བཞེས་སྒོ་མ་བཟའ་བར་སྡོད་པའི་བསྒང་ ལུད་ཀྱི་གཡུས་ཁར་ལྷོད་པའི་ དངོས་མེད་ཀྱི་མཐོང་སྣང་ཚུ་ གསལ་སྟོན་འབད་དེ་འདུག

པདྨ་གཡུ་སྒྲོན་གྱིས་ ད་རེས་ པར་ཐེང་དང་པ་ནང་ལུ་ ཀི་དེབ་༥༠༠་བཏོན་ཏེ་ཡོད་མི་འདི་ ཏ་ར་ཡ་ན་གཞི་ཚོགས་ལུ་ བཙོང་ནུག

ཨིན་རུང་ མོ་གིས་ ཀི་དེབ་འདི་ཚུ་གི་ནང་ལས་ཐོབ་མི་མ་དངུལ་ནང་ལས་ བརྒྱ་ཆ་༣༠་འདི་ ཏ་ར་ཡ་ན་གཞི་ཚོགས་ལུ་ ཞལ་འདེབས་འབདཝ་ཨིན་མས།