གཟའ་མིག་དམར། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༡

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བདེ་སྲུང་གི་སྦྱོང་བརྡར་ཤོ་ཐེངས་༢༠་པ་མཇུག་བསྡུ་མི་ཚུ་ལུ་ མཇལ་ཕྲད་གནང་ཡོདཔ།

སྤྱི་ཟླ་༦ པའི་ཚེས་ ༢༨ ༢༠༡༦

HM Grants Audience to 20th Batch DeSuups༉ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཁ་ཙ་ ཐིམ་ཕུག་ ལུང་བསྟན་ཕུག་གི་ བསྟན་སྲུང་དམག་ཁང་ནང་ལུ་སྦེ་ བདེ་སྲུང་གི་སྦྱོང་བརྡར་ཤོ་ཐེངས་༢༠་པ་མཇུག་བསྡུ་མི་ཚུ་ལུ་ མཇལ་ཕྲད་གནང་ཡི།

དེ་བསྒང་ མི་དབང་མངའ་ཞབས་མཆོག་གིས་ བདེ་སྲུང་གི་འཆར་སྣང་དང་ རྒྱལ་ཁབ་ཀྱི་དམིགས་དོན་ དེ་ལས་ ཞི་བདེ་སྲུང་མི་ཅིག་འབད་ བདེ་སྲུངཔ་ཚུ་གིས་ འགན་ཁུར་ ག་དེ་སྦེ་རང་འབག་དགོཔ་ཨིན་ནའི་སྐོར་ལས་ བཀའ་སློབ་བཟང་པོ་ཚུ་གནང་ནུག

བདེ་སྲུངཔ་ཤོ་ཐེངས་༢༠་པའི་སྦྱོང་བརྡར་ནང་ལུ་ གསོ་བ་དང་ རྐྱེན་ངན་འཛིན་སྐྱོང་དང་འབྲེལ་བའི་ཁྱད་རིག་གི་ནང་ལས་ ཁས་བླངས་པ་༡༢༥་གིས་ གྲལ་ཁར་གཏོགས་ནུག

ཁོང་ཆ་ཁྱབ་ཀྱིས་ བདེ་སྲུང་གི་སྦྱོང་བརྡར་འདི་ཡང་ བདུན་ཕྲག་༢་ཀྱི་རིང་ དབང་འདུས་ཕོ་བྲང་ བསྟན་ཆོས་གླིང་ལས་སྦེ་ མཇུག་བསྡུ་ཡོདཔ་ཨིན།

བདེ་སྲུང་གི་ལས་རིམ་འདི་ཡང་ མི་དབང་མངའ་བདག་རིན་པོ་་ཆེ་མཆོག་གི་བཀའ་རྒྱ་བཞིན་ སྤྱི་ལོ་༢༠༡༡་ལས་ འགོ་བཙུགས་ནུག

རྒྱལ་ཁབ་ནང་ལུ་ ད་རེས་ བདེ་སྲུངཔ་གི་གྱངས་ཁ་ ཡུདཔ་ཅིག་༢༤༠༠་མ་ལངམ་ཅིག་ཡོདཔ་ཨིན་མས།