གཟའ་ཟླ་བ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༢

རྒྱལ་ཡོངས་ཚོགས་འདུ་གིས་ འབྲུག་ཉེན་སྒྲོལ་སྡེ་ཚོགས་དཔྱད་ཡིག་གུ་ ཤུལ་མའི་ཚོགས་ཐེངས་ནང་ལུ་ གསུང་གྲོས་གནང་ནི།

སྤྱི་ཟླ་༦ པའི་ཚེས་ ༢༨ ༢༠༡༦

NA-RedCrossSocietyBill༉ རྒྱལ་ཡོངས་ཚོགས་འདུ་གིས་ ཁ་ཙ་ མོས་མཐུན་གྱི་ཐོག་ལས་ འབྲུག་ཉེན་སྒྲོལ་སྡེ་ཚོགས་དཔྱད་ཡིག་༢༠༡༦་ཅན་མ་གུར་ གསུང་གྲོས་གནང་ནི་སྦེ་ རྒྱབ་སྐྱོར་ཕུལ་ཡི།

རྒྱལ་ཡོངས་ཚོགས་འདུག་གིས་ དཔྱད་འདི་གུར་ གནམ་དགུན་གྱི་ཚོགས་ཐེངས་ནང་ལུ་ གསུང་གྲོས་གནང་ནི་ཨིན་མས།

ཚོགས་ཁང་གིས་ དཔྱད་ཡིག་འདི་ཡང་ བསྐྱར་ཞིབ་འབད་ནི་གི་དོན་ལུ་ ཁྲིམས་དོན་ཚོགས་ཆུང་ལུ་ རྩིས་སྤྲོད་གནང་ཡི།

འབྲུག་ཉེན་སྒྲོལ་སྡེ་ཚོགས་དཔྱད་ཡིག་འདི་ཡང་ རྒྱལ་ཡོངས་ཚོགས་སྡེ་གིས་ ཟིན་བྲིས་བཏབ་ནུག

རྒྱལ་ཡོངས་ཚོགས་སྡེ་གིས་ དཔྱད་ཡིག་འདི་གུར་གསུང་གྲོས་གནང་བཞིན་ན་ ད་རེས་ཟླཝ་གི་སྤྱི་ཚེས་༡༠་ལུ་ ཆ་འཇོག་གནང་སྟེ་ཡོདཔ་ཨིན།

འབྲུག་ཉེན་སྒྲོལ་སྡེ་ཚོགས་འདི་ ཁེ་བསང་མེད་པའི་ རང་སྐྱོང་གི་སྡེ་ཚོགས་ཅིག་སྦེ་འོང་ནི་ཨིནམ་ད་ སྡེ་ཚོགས་འདི་གིས་ གློ་འབུར་དང་རྐྱེན་ངན་གྱི་རྒྱབ་སྐྱོར་དང་ གསོ་བའི་ཞབས་ཏོག་ཚུ་འབྱིན་ནི་ཨིན་མས།

ལྡོག་ཕྱོགས་འགོ་ཁྲིདཔ་ དྲོག་ཀྲར་པདྨ་རྒྱ་མཚོ་གིས་ཞུ་མི་ནང་ དཔྱད་ཡིག་འདི་གིས་ རྒྱལ་ཁབ་ནང་ལུ་ ཨི་བོ་ལ་བཟུམ་གྱི་ ནད་རིགས་ཚུ་ཐོན་པའི་སྐབས་ གདོང་ལེན་འབད་ནི་གི་དོན་ལུ་ ཕན་ཐོག་སྦོམ་སྦེ་རང་ འབྱུང་ནི་མས་ཟེར་ཨིན་མས།