གཟའ་མིག་དམར། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༣

སྤྱི་ཚོགས་ལྷན་ཞུགས་ཀྱིས་ འབྲུག་གི་ཚོང་སྡེའི་དཔྱད་ཡིག་༢༠༡༥་ཅན་མ་འདི་ ཆ་འཇོག་མཛད་གནང་ཡོདཔ།

སྤྱི་ཟླ་༥ པའི་ཚེས་ ༣༡ ༢༠༡༦

Parliament-CompaniesBill༉ ཁ་ཙ་ སྤྱི་ཚོགས་ལྷན་ཞུགས་ཀྱིས་ འབྲུག་གི་ཚོང་སྡེའི་དཔྱད་ཡིག་༢༠༡༥་ཅན་མ་འདི་ ཆ་འཇོག་མཛད་གནང་ཡི།

ཧེ་མ་ དཔྱད་ཡིག་འདི་ནང་ལུ་ དོན་ཚན་༡༢་གི་ཐོག་ལུ་ ཁན་འཆམ་མ་ཚུགས་མི་ལུ་བརྟེན་ཏེ་ གསུང་གྲོས་འདི་ ད་རེས་ཀྱི་ སྤྱི་ཚོགས་ནང་ལུ་ གནང་ནི་སྦེ་བཞག་ཡོདཔ་ཨིན།

དོན་ཚན་ཚུ་གུ་ གསུང་གྲོས་གནང་པའི་སྐབས་ འཐུས་མི་ཚུ་གི་བར་ན་ མི་དམངས་ཚོང་སྡེ་ག་ར་གིས་ མི་སྡེའི་ཚོང་ལས་ཐོ་བཀོད་ཀྱི་ མ་དངུལ་བཞག་དགོཔ་དང་ མ་དངུལ་དེ་ཡང་ ཚོང་སྡེའི་ནང་འཁོད་ཀྱི ་ཚོགས་ཆུང་གཅིག་གིས་ འཛིན་སྐྱོང་འཐབ་དགོ་ཟེར་བའི་ དོན་ཚན་གྱི་ཐོག་ལུ་ གསུང་གྲོས་རྒྱས་ཤིང་རྒྱསཔ་སྦེ་གནང་ཡི།

ཚོགས་ཁང་ནང་ལུ་ གསུང་གྲོས་གནང་པའི་སྐབས་ མི་སྡེའི་ཚོང་ལས་ཐོ་བཀོད་ཀྱི་མ་དངུལ་ བདག་སྐྱོང་འཐབ་ནི་གི་ཐད་ལུ་ ཞལ་འཆམ་བྱུང་མ་ཚུགསཔ་ཨིན།

 གསུང་གྲོས་རྒྱས་ཤིང་རྒྱསཔ་སྦེ་ གནང་པའི་ཤུལ་ལུ་ དོན་ཚན་འདི་ གྲོས་བསྡུར་ཧེང་བཀལ་འབད་ནིའི་དོན་ལས་ མཉམ་འབྲེལ་ཚོགས་ཆུང་ལུ་གནང་ཡི།

ཚོགས་ཆུང་གིས་ རྒྱལ་ཡོངས་ཚོགས་སྡེའི་ཁ་ཐུག་ལས་ གྲོས་འཆར་ཕུལ་མི་ འཕྲི་སྣོན་འདི་ལུ་ རྒྱབ་སྣོན་ཕུལ་ཡོདཔ་ཨིན།

ཚོགས་ཁང་ནང་ ངོ་ཞུགས་ཡོད་མི་ འཐུས་མི་༦༤་ག་ར་གིས་ དཔྱད་ཡིག་འདི་ ཆ་འཇོག་གནང་ནིའི་དོན་ལུ་ རྒྱབ་བསྐྱོར་གྱི་ཚོགས་རྒྱན་ བཙུགས་ཏེ་སྦེ་ འབྲུག་གི་ཚོང་སྡེའི་དཔྱད་ཡིག་འདི་ ཆ་འཇོག་མཛད་གནང་ཡི།

ད་རེས་ ཚོངས་སྡེ་༤༢་ ཐོ་བཀོད་འབད་དེ་ཡོད་ས་ལས་ འབྲུག་གི་ཚོང་སྡེའི་བཅའ་ཁྲིམས་༢༠༠༠་ཅན་མ་ནང་ལུ་ ཚོང་སྡེ་༣༨༠་རྐྱངམ་ཅིག་ ཐོ་བཀོད་འབད་དེ་འདུག