གཟའ་པ་སངས། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༤

ཨེ་ཤི་ཡན་གཟུགས་སྟོབས་འགྲན་བསྡུར་ ཐེངས་༥༠་པ་འདི་ འབྲུག་ལུ་སྦེ་འགོ་འདྲེན་འཐབ་ནི་ཨིནམ།

སྤྱི་ཟླ་༥ པའི་ཚེས་ ༣༠ ༢༠༡༦

350-athletes-from-across-Asia-to-take-part-in-Asian-Bodybuilding-Championship-1༉ ཨེ་ཤི་ཡན་གཟུགས་སྟོབས་འགྲན་བསྡུར་ ཐེངས་༥༠་པ་འདི་ འབྲུག་ལུ་སྦེ་འགོ་འདྲེན་འཐབ་ནི་ཨིན་མས།

ད་རེས་ཀྱི་སྐབས་ འགྲན་བསྡུར་འདི་ནང་ལུ་ འབྲུག་ལས་ ཨམ་སྲུ་༥་གིས་ གྲལ་ཁར་གཏོགས་ནི་ཨིན་མས།

ད་ལྟོ་ཚུན་ཚོད་ འབྲུག་པའི་ཨམ་སྲུ་༣་རྐྱངམ་ཅིག་གིས་ རྒྱལ་སྤྱིའི་འགྲན་བསྡུར་ཚུ་ནང་ གྲལ་ཁར་གཏོགས་ཡོདཔ་ཨིན།

གཟུགས་སྟོབས་འགྲན་བསྡུར་ནང་ལུ་ གྲལ་ཁ་གཏོགས་མི་ཚུ་གི་གྲལ་ལས་གཅིག་ སྐྱེས་ལོ་༣༢་ལངས་མི་དམ་ཆོས་བཟངམོ་འདི་ ཨ་ལོ་༣་གི་ཨའི་ཨིན་མས། མོ་གིས་ སྤྱི་ལོ་༢༠༠༧་ལས་རང་ གཟུགས་སྟོབས་ཀྱི་སྦྱང་བ་འབད་ནི་ འགོ་བཙུགས་ཡོདཔ་ཨིན་རུང་ འགྲན་བསྡུར་གྱི་དོན་ལུ་ འདས་པའི་ཟླཝ་༥་གི་རིང་ལུ་ སྦྱང་བ་ཚུ་ མ་བཏུབ་བཏུབ་སྦེ་འབད་ནུག ། དེ་བཟུམ་སྦེ་ འགྲན་བསྡུར་ནང་ལུ་ གྲལ་ཁར་གཏོགས་མི་གསརཔ་གཉིས་འདི་ ཀུན་དགའ་ལྷ་སྒྲོན་དང་ རྣམ་རྒྱས་ལྷ་མོ་དོན་གྲུབ་ཨིན་མས།

སྐྱེ་ལོ་༢༢་ལངས་ཡོད་མི་ ཀུན་དགའ་ལྷ་སྒྲོན་འདི་ ཐིམ་ཕུག་རྒྱལ་འཛིན་མཐོ་རིམ་སློབ་གྲྭའི་ སློབ་ཕྲུག་ཨིནམ་ད་ མོ་གིས་ མོ་རའི་གཟུགས་སྟོབས་ བདག་འཛིན་འབད་ནི་ལུ་སྤྲོ་བ་བསྐྱེད་དེ་ ད་རེས་འབདཝ་ད་ ཉིན་བསྟར་གྱི་ལཱ་ཅིག་ལུ་ འགྱུར་ཏེ་འདུག

འདི་བཟུམ་སྦེ་ སྐྱེས་ལོ་༢༨་ལངས་མི་ རྣམ་རྒྱས་ལྷ་མོ་དོན་གྲུབ་འདི་ ཁྲབ་རྩེདཔ་གཅིག་ཨིན་མས།

ཁོང་༣་གི་མ་དོ་བར་ འགྲན་བསྡུར་འདི་ནང་ལུ་ ཀུན་ལེགས་དབངམོ་དང་ ཡིད་འཕྲོ་ལྷ་མོ་དཔལ་འབྱོར་གཉིས་ཀྱིས་ཡང་ གྲལ་ཁར་གཏོགས་ནི་ཨིན་མས། ན་ཧིང་ ཀུན་ལེགས་དབངམོ་གིས་ ཨུཛ་བི་ཀིསི་ཏཱན་ ལུ་སྦེ་འགོ་འདྲེན་འཐབ་མི་ ཨེ་ཤི་ཡན་གཟུགས་སྟོབས་འགྲན་བསྡུར་ནང་ལས་ ཨང་༥་འཐོན་ནུག

འགྲན་བསྡུར་འདི་ཡང་ སྤྱི་ཟླ་༩་པའི་ སྤྱི་ཚེས་༢་ལས་༨་ཚུན་ ཐིམ་ཕུག་ལུ་སྦེ་ འགོ་འདྲེན་འཐབ་ནི་གི་ ལས་རིམ་འདུག

སྟེ་ འགྲན་བསྡུར་འདི་ནང་ལུ་ ཨེ་ཤི་ཡན་རྒྱལ་ཁབ་ ༥༡་གི་ནང་ལས་ གཟུགས་སྟོབས་དང་ལུས་རྩལ་སྦྱང་བ་འབད་མི་ ༣༥༠་དེ་ཅིག་གིས་ གྲལ་ཁར་གཏོགས་པའི་རེ་བ་འདུག