གཟའ་ལྷག་པ། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༢

ཐའི་ལེན་གྱི་མི་དབང་རྒྱལ་པོའི་སྲསམོ་ རྒྱལ་ཁབ་ནང་ལས་ ལོག་བྱོན་ཡོདཔ།

སྤྱི་ཟླ་༥ པའི་ཚེས་ ༢༧ ༢༠༡༦

Thailand’s Princess completes her visit to Bhutan༉ ཐའི་ལེན་གྱི་ མི་དབང་རྒྱལ་པོའི་སྲསམོ་ མ་ཧ་ཅཀ་རི་སི་རིན་ཐོ་རཱོན་ ཁ་ཙ་ ཉི་མ་ཁམས་ཅིག་ཁར་ རྒྱལ་ཁབ་ནང་ལས་ ལོག་བྱོན་ཡོདཔ་ཨིན།

གནམ་གྲུ་འདི་ རྒྱ་གར་གྱི་ས་གནས་ ཀཱོལ་ཀ་ཊ་བརྒྱུད་དེ་སྦེ་ འཕུར་དོ་ཡོདཔ་ལས་ མི་དབང་རྒྱལ་པོའི་སྲསམོ་བྱོན་མི་ གནམ་གྲུ་འདི་ནང་ལུ་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཡང་ བྱོན་ཡོདཔ་ཨིན།

ཁ་ཙ་དྲོ་པ་ མི་དབང་རྒྱལ་པོའི་སྲསམོ་གིས་ ཐིམ་ཕུག་གསར་སྦིས་ཐང་ལུ་ཡོད་པའི་ རྒྱལ་འཛིན་རྩི་ཤིང་ལྡུམ་ར་དང་ རྒྱལ་ཡོངས་སྐྱེས་ལྡན་རིག་སྣ་ལྟེ་བ་ཚུ་ནང་ལུ་ གཟིགས་བསྐོར་གནང་ཡི།

མི་དབང་རྒྱལ་པོའི་སྲསམོ་འདི་ འབྲུག་ལུ་ ཉིམ་༤་གི་གཟིགས་བསྐོར་ལུ་བྱོན་ཡོདཔ་ཨིན།