གཟའ་སྤེན་པ། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༥

སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ སྤ་རོ་ལུ་ དགྲ་ལྷ་ལྷ་ཁང་ རབ་གནས་མཛད་གནང་ཡོདཔ།

སྤྱི་ཟླ་༥ པའི་ཚེས་ ༢༦ ༢༠༡༦

HH-Dralha LhakhangRabney ༉ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ ཁ་ཙ་ སྤ་རོ་ རྡོ་གར་རྒེད་འོག་ནང་ལུ་ དགྲ་ལྷ་ ལྷ་ཁང་འདི་ རབ་གནས་མཛད་གནང་ནུག

ད་རུང་ སྐྱབས་རྗེ་མཆོག་གིས་ རབ་གནས་བརྟེན་འབྲེལ་འདི་ནང་འཛོམས་མི་ མི་སེར་ཚུ་ལུ་ ཕྱག་དབང་ཡང་གནང་ནུག

ལྷ་ཁང་གསར་བཞེངས་ཀྱི་ལཱ་འདི་ཡང་ རྒེད་འོག་གོང་འཕེལ་གནང་སྦྱིན་མ་དངུལ་དང་ མི་སེར་ཚུ་ལས་ ཞལ་འདེབས་བསྡུ་སྟེ་སྦེ་ སྤྱི་ལོ་༢༠༡༢ལས་འགོ་བཙུགས་ཡོདཔ་ཨིན་མས།

ལྷ་ཁང་གསརཔ་འདི་མ་བཞེངས་པའི་ཧེ་མ་ གཡུས་སྒོ་འདི་ནང་ལུ་ ལོ་བསྟར་གྱི་གསོལ་མཆོད་ཕུལ་བའི་སྐབས་ལུ་ གླང་བསད་སྲོལ་ཡོད་མི་འདི་ བཀག་ཐབས་འབད་ནི་གི་དོན་ལས་ ལྷ་ཁང་ཆུང་ཀུ་གཅིག་ བཞེངས་སྟེ་སྡོད་ཡོདཔ་ཨིན་མས།

གཡུས་སྒོ་འདི་ནང་གི་ མི་སེར་ཚུ་གིས་ ལོ་བསྟར་གྱི་གསོལ་མཆོད་ཕུལ་བའི་སྐབས་ལུ་ གླང་རེ་ བསད་སྲོལ་སྡོད་ཡོདཔ་ཨིན་མས།