གཟའ་ཕུར་བུ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༨

ན་གཞོན་ལཱ་གཡོག་མེད་པའི་གནས་ཚད་འདི་ ད་རེས་ བརྒྱ་ཆ་༡༠་དང་ཚག་༧་ལུ་ ཡར་སེང་སོང་སྟེ་ཡོདཔ།

སྤྱི་ཟླ་༥ པའི་ཚེས་ ༢༦ ༢༠༡༦

YouthUnemploymentRate༉ རྒྱལ་ཁབ་ནང་ལུ་ ན་གཞོན་ལཱ་གཡོག་མེད་པའི་གནས་ཚད་འདི་ སྤྱི་ལོ་༢༠༡༤་ལུ་ བརྒྱ་ཆ་༩་དང་ཚག་༤་འབད་ས་ལས་ ད་རེས་ བརྒྱ་ཆ་༡༠་དང་ཚག་༧་ལུ་ ཡར་སེང་སོང་སྟེ་འདུག

འདི་ཡང་ སྤྱི་ལོ་༢༠༡༥་གི་ རྒྱལ་ཡོངས་ལས་མི་ཞིབ་འཇུག་གི་སྙན་ཞུ་དང་འཁྲིལ་ཏེ་ཨིནམ་ད་ ལཱ་གཡོག་ལྷན་ཁག་གིས་ ཞིབ་འཇུག་འདི་འགོ་འདྲེན་འཐབ་སྟེ་ ཟླཝ་ལྔ་ལང་སོང་ནུག

སྙན་ཞུ་འདི་ནང་ལུ་ ན་གཞོན་ལཱ་གཡོག་མེད་པའི་གནས་ཚད་འདི་ ཡར་སེང་འགྱོ་སྟེ་ཡོད་རུང་ ན་གཞོན་ཕོ་སྐྱེས་ཚུ་ལུ་ ལཱ་གཡོག་མེད་པའི་གནས་ཚད་འདི་ སྤྱི་ལོ་༢༠༡༤་ལུ་ བརྒྱ་ཆ་༨་དང་ཚག་༦་འབད་ས་ལས་ བརྒྱ་ཆ་ ཚག་༤་གིས་ མར་ཕབ་སོང་སྟེ་འདུག

ཨིན་རུང་ ན་གཞོན་བུམོ་ཚུ་ལུ་ ལཱ་གཡོག་མ་ཐོབ་པའི་གནས་ཚད་འདི་ ཧེ་མ་བརྒྱ་ཆ་༡༠་འབད་ས་ལས་ ད་རེས་ བརྒྱ་ཆ་༡༢་དང་ཚག་༧་ལུ་ ཡར་སེང་སོང་སྟེ་ཡོདཔ་སྦེ་ཨིན་མས།

ལཱ་གཡོག་བློན་པོ་ ཉི་མ་སངྱས་ཆེན་པོ་གིས་གསུང་མི་ནང་ ན་གཞོན་ལཱ་གཡོག་མ་ཐོབ་པའི་གནས་ཚད་ཡར་སེང་སོང་མི་འདི་ ཤེས་ཚད་དང་ལཱ་གཡོག་གི་གོ་སྐབས་ཡོད་མི་གཉིསཔ་འདི་ རྟགས་མ་མཐུན་མི་ལས་བརྟེན་ཏེ་ཨིན་ཟེར་གསུང་ཡི།

ད་རུང་ བློན་པོ་གིས་གསུང་མི་ནང་ གཞུང་གིས་ ཤེས་རིག་གི་ལམ་ལུགས་ལེགས་བསྒྱུར་འབད་ནི་དང་ ཤེས་ཚད་དང་ལཱ་གཡོག་གི་གོ་སྐབས་ རྟགས་མ་མཐུན་པར་ཡོད་པའི་གནད་དོན་འདི་ སེལ་ཐབས་ལུ་ ཤེས་རིག་གི་ཐབས་བྱུས་ཡང་ བཟོ་སྟེ་ཡོད་ཟེར་ཨིན་མས།

འདི་བཟུམ་སྦེ་ ལྷན་ཁག་གིས་ ཨམ་སྲུ་ལེ་ཤཱ་ལུ་ ལཱ་གཡོག་འབྱིན་ནི་གི་དོན་ལས་ མེ་ཏོག་གི་ལཱ་འབད་ནི་ལ་སོགས་པའི་ ཚོང་ལཱ་ཆུང་བ་ཚུ་ཡང་ འགོ་བཙུགས་ནི་སྦེ་ཡོད་ཟེར་ཨིན་མས།

འདི་འབདཝ་ལས་ ལྷན་ཁག་གིས་ རིག་རྩལ་གོང་འཕེལ་གྱི་ལས་རིམ་ ཡུདཔ་ཅིག་མང་ཤོས་ཅིག་རང་ ཨམ་སྲུ་ཚུ་ལུ་ དམིགས་གཏད་སྐྱེད་དེ་ཨིན་ཟེར་གསུང་ཡི།

བློན་པོ་གིས་གསུང་མི་ནང་ ཕྱིའི་རྒྱལ་ཁབ་ནང་ལས་ཕར་ ལཱ་གཡོག་གི་གོ་སྐབས་འབྱིན་ནི་གི་ལས་རིམ་ཡོད་མི་འདི་གིས་ཡང་ བརྒྱ་ཆ་༧༠་དེ་ཅིག་རང་ ཨམ་སྲུ་ཚུ་ལུ་ ཕན་ཐོག་འབྱུང་སྟེ་ཡོད་ཟེར་ཨིན་མས།