གཟའ་ཟླ་བ། ༢༠༡༨ ཟླ་༧ པའི་སྤྱི་ཚེས་༡༥

རྡོག་མ་ཚོང་པ་ཚུ་གིས་ ཏམ་ཁུའི་རིགས་མི་བཙོང་ནི་སྦེ་ ཁས་ལེན་འབད་དེ་ཡོདཔ།

སྤྱི་ཟླ་༤ པའི་ཚེས་ ༢༩ ༢༠༡༦

PaanShops-drug free society ༉ ཐིམ་ཕུག་ལུ་ཡོད་པའི་ རྡོག་མ་ཚོང་ཁང་༤༠༠ལྷགཔ་ཅིག་གིས་ རྒྱལ་ཁབ་ནང་ལུ་ ཏམ་ཁུ་གི་རིགས་མ་པ་ལས་ ལག་ལེན་འཐབ་ནི་མེད་པའི་ མི་སྡེ་ཅིག་སྦེ་བཟོ་ནི་གི་ནང་ལུ་ རྒྱབ་སྐྱོར་འབད་ནི་སྦེ་ ཁས་བླང་འབད་ནུག

ཁོང་གིས་སླབ་མི་ནང་ ཁ་ཐུག་ལས་ ཏམ་ཁུ་དང་ཏམ་ཁུའི་ཐོན་སྐྱེད་ཀྱི་རིགས་ཚུ་ མ་པ་ལས་མི་བཙོང་ཟེར་ཁས་ལེན་འབད་ཡི་ཟེར་བཤད་ཅི།

ཁས་ལེན་འདི་ཡང་ ཁ་ཙ་ གོ་བརྡའི་ཞལ་འཛོམས་ཅིག་འགོ་འདྲེན་འཐབ་པའི་སྐབས་ལུ་ འབད་དེ་ཡོདཔ་ཨིན་མས།sensitized on tobacco and Narcotics laws-PaanSHopOwners

འབྲུག་སྨྱོ་རྫས་བཀག་འཛིན་དབང་འཛིན་ནང་ལས་ འགོ་དཔོན་ཚུ་གིས་བཤད་མི་ནང་ ཏམ་ཁུ་དང་ཏམ་ཁུའི་ཐོན་སྐྱེད་ཀྱི་རིགས་ཚུ་ ཁྲིམས་འགལ་གྱི་ཐོག་ལས་བཙོང་མི་གི་ནང་ལུ་འབྲེལ་བ་ཡོད་མི་འདི་ མང་ཤོས་ཅིག་ར་ རྡོག་མ་ཚོང་ཁང་ཚུ་ཡོདཔ་སྦེ་མཐོང་ཡི་ཟེར་ཨིན་མས།

ད་རེས་ཀྱི་ ཟླཝ་འགོ་བཙུགས་ཁམས་ཅིག་ཁར་ འབྲུག་སྨྱོ་རྫས་བཀག་འཛིན་དབང་འཛིན་གྱིས་ ཏམ་ཁུ་དང་ཏམ་ཁུའི་ཐོན་སྐྱེད་ཀྱི་རིགས་ཚུ་ ནག་ཚོང་འཐབ་མི་ ༡༠དེ་ཅིག་བཟུང་ནུག