གཟའ་པ་སངས། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༩

ལྡོག་ཕྱོགས་ཚོགས་པ་གིས་ གཞུང་གི་ཁ་ཐུག་ལས་ མི་སེར་ཚུ་གི་ དགོས་མཁོ་དང་གཙོ་རིམ་ཚུ་ སྒྲུབ་ནི་ནང་ལུ་ འཐུས་ཤོར་དོ་ཡོདཔ་སྦེ་བཤད་དེ་ཡོདཔ།

སྤྱི་ཟླ་༤ པའི་ཚེས་ ༢༩ ༢༠༡༦

GovtfailingtofulfillNeedsandPriorities-Opposition༉ ལྡོག་ཕྱོགས་ཚོགས་པ་གིས་བཀོད་མི་ནང་ གཞུང་གི་ཁ་ཐུག་ལས་ མི་སེར་ཚུ་གི་ དགོས་མཁོ་དང་གཙོ་རིམ་ཚུ་ སྒྲུབ་ནི་ནང་ལུ་ འཐུས་ཤོར་དོ་ཟེར་ཨིན་མས།

སྤྱི་ཚོགས་ཀྱི་འཐུས་མི་ རྡོ་རྗེ་དབང་འདུས་ཀྱིས་སླབ་མི་ནང་ མི་སེར་ཚུ་ལུ་ དགོཔ་ཁག་ཆེ་ཤོས་ར་ སོ་ནམ་ཞིང་ལམ་སེལ་ནི་དང་ རྩི་ནག་བཏང་ནི་ཚུ་ཨིན་རུང་ གཞུང་གིས་ གཙོ་རིམ་ཚུ་ སྒྲུབ་མ་ཚུགས་ཟེར་ཨིན་མས།

ད་རུང་ གཞུང་གིས་ རྒེད་འོག་རེ་ནང་ སྣུམ་འཁོར་བོ་ལི་རི་ཡོ་རེ་ འབྱིན་ནི་འབད་ཁས་བླངས་འབད་མི་འདི་ཡང་ གྲུབ་མ་ཚུགས་པར་ཡོདཔ་ལས་ མི་སེར་ཚུ་ འབསྒུག་སྟེ་རང་འདུག་ཟེར་བཤད་ཅི།

Get the Flash Player to see the wordTube Media Player.

ད་རེས་ གཞུང་གིས་ འབྲུ་སྣ་དང་ཚོད་བསྲེ་གི་ ཐོན་ཤུགས་ཚུ་ལུ་ གཙོ་བོ་བཏོན་དོ་ཡོདཔ་ད་ དེ་ལུ་ ལྡོག་ཕྱོགས་ཚོགས་པ་གིས་འབད་བ་ཅིན་ དེ་ཚུ་ མི་སེར་གྱི་ གཙོ་རིམ་མེན་ཟེར་བཤད་ཅི།

འདི་ཡང་ ཁ་ཉིནམ་ དོགས་ཕྱོགས་ཚོགས་པ་གིས་ གནས་ཚུལ་ཞལ་འཛོམས་ཅིག་ཚོགས་པའི་སྐབས་ལུ་ བཤད་དེ་ཡོདཔ་ཨིན།

འདི་བཟུམ་སྦེ་ དོགས་ཕྱོགས་ཚོགས་པ་གིས་སླབ་མི་ནང་ ལོ་ལྔ་འཆར་གཞི་༡༡་པའི་ དུས་ཕྱེད་བསྐྱར་ཞིབ་གི་ནང་ལུ་ གསལ་སྟོན་བྱུང་མི་གྲུབ་འབྲས་ཚུ་ བདེན་པ་ག་དེ་སྦེ་ཡོད་ག་ དོགས་པ་ཡོད་ཟེར་ཨིན་མས།

དོགས་ཕྱོགས་འགོ་འཁྲིདཔ་གིས་སླབ་མི་ནང་ དུས་ཕྱེད་བསྐྱར་ཞིབ་ཀྱི་སྐབས་ལུ་ གྲུབ་འབྲས་བཏོན་ཏེ་ཡོད་མི་ཚུ་ བརྟག་ཞིབ་འབད་ནི་གི་དོན་ལས་ གཞུང་གིས་ཁ་ཐུག་ལས་ ཚོགས་པ་ཅིག་བཟོ་གནང་དགོཔ་འདུག་ཟེར་བཤད་ཅི།

ད་རུང་ དུས་ཕྱད་བསྐྱར་ཞིབ་ཀྱི་སྐབས་ལུ་ བུམ་ཐང་རྫོང་ཁག་ནང་ སོ་ནམ་གྱི་ཐོན་ཁུངས་ཐད་ཁར་ དཀར་གྱི་ཐོན་སྐྱེད་འདི་ བརྒྱ་༢༢༠་ལྷགཔ་ཅིག་ཐོན་ཏེ་ཡོདཔ་སྦེ་ ཐོན་མི་འདི་ ཡིད་ཆེ་མ་ཚུགསཔ་ཅིག་ཨིན་མས་ཟེར་བཤད་ཅི།

དོགས་ཕྱོགས་འགོ་ཁྲིདཔ་གིས་སླབ་མི་ནང་ འདི་བཟུམ་གྱི་གྲུབ་འབྲས་འདི་ འཆར་གཞི་དང་པ་ལས་༡༠་ཚུན་ ཚར་ཅིག་ཡང་ ཐོན་མ་མྱོང་ཟེར་ཨིན་མས།