གཟའ་མིག་དམར། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༣

ས་གནས་གཞུང་གི་འཐུས་མི་ཚུ་གིས་ དགོངས་ཞུའི་གསོལ་རས་མ་དངུལ་འདི་རྐྱངམ་ཅིག་མ་གཏོགས་ འཚོ་བརྟེན་མ་དངུལ་ མི་ཐོབ་ནི་ཨིནམ།

སྤྱི་ཟླ་༤ པའི་ཚེས་ ༢༩ ༢༠༡༦

Serving LG leaders not entitled for PF (2)༉ དུས་ཅི་ སྤྱི་ཟླ་༦་པའི་ནང་ ལོ་ལྔ་གི་གནས་ཡུན་ཚང་ནི་ཨིན་མི་ ས་གནས་གཞུང་གི་འཐུས་མི་ཚུ་གིས་ དགོངས་ཞུའི་ཐོབ་ལམ་སྦེ་ དགོངས་ཞུའི་གསོལ་རས་མ་དངུལ་འདི་རྐྱངམ་ཅིག་མ་གཏོགས་ འཚོ་བརྟེན་མ་དངུལ་འདི་ མི་ཐོབ་ནི་ཨིན་མས།

དགོངས་ཞུའི་གསོལ་རས་མ་དངུལ་འདི་ཡང་ ལཱ་གཡོག་གི་ནང་ལུ་ གནས་ཡུན་ཚང་སྟེ་སྦེ་ དགོངས་ཞུ་འབད་བའི་སྐབས་ལུ་ དངུལ་གྱི་གསོལ་རས་གནང་མི་ཅིག་ཨིན།

ནང་སྲིད་དང་སྲོལ་ལྷན་ཁག་དང་འཁྲིདཔ་ད་ ས་གནས་གཞུང་གི་འཐུས་མི་ཚུ་ལུ་ འཚོ་བསྟེན་མ་དངུལ་གྱི་ ཐོབ་ལམ་མེད་མི་འདི་ཡང་ ཁོང་འཐུས་མི་ཚུ་གི་ ཟླ་རིམ་གྱི་དངུལ་ཕོག་ནང་ལས་ འཚོ་བསྟེན་མ་དངུལ་གྱི་དོན་ལུ་ ཏི་རུབ་ མ་བཏོག་མི་ལས་བརྟེན་ཏེ་ཨིན་ཟེར་བཤད་ཅི།

ཨིན་རུང་ དགོངས་ཞུའི་ཐོབ་ལམ་གྱི་ ལམ་ལུགས་དང་འཁྲིདཔ་ད་ འཚོ་བསྟེན་མ་དངུལ་གྱི་ ཐོབ་ཐངས་ཡོད་པའི་ ལཱ་གཡོགཔ་ཚུ་ལུ་ ཁོང་རའི་ཟླ་རིམ་གྱི་དངུལ་ཕོག་ནང་ལས་ ཏི་རུ་ཉུང་ཤོས་རང་ ལོ་གཅིག་ཚུན་ཚོད་ བཏོག་དགོཔ་འབད་ བཀོད་དེ་འདུག

ས་གནས་གཞུང་གི་ འཐུས་མི་ཚུ་གི་དོན་ལས་ དགོངས་ཞུའི་ཐོབ་ལམ་གྱི་བཅའ་ཁྲིམས་འདི་ སྤྱི་ཚོགས་ཀྱིས་ ན་ཧིང་རྐྱངམ་ཅིག་ ཆ་འཇོགས་གནང་ནུག

ཨིན་རུང་ ལྷན་ཁག་གིས་ བཅའ་ཁྲིམས་འདི་གཞུང་འབྲེལ་དུ་ སྤྱི་ཟླ་༨་པའི་ནང་རྐྱངམ་ཅིག་ཐོབ་ཡོདཔ་ད་ བཅའ་ཁྲིམས་འདི་ལག་ལེན་འཐབ་ནི་གི་དོན་ལུ་ ས་གནས་གཞུང་ལུ་སྤྲོད་པའི་བསྒང་ལས་ སྤྱི་ཟླ་༡༢་ཚུན་ཚོད་འགོར་ནུག