གཟའ་ཕུར་བུ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༨

མི་དབང་རྒྱལ་པོའི་སྲས་ འཇིགས་རྒྱལ་ཨྱོན་དབང་ཕྱུག་མཆོག་གིས་ སྤ་རོ་ལུ་ བཤག་བཅོས་ཀྱི་ལས་རིམ་འགོ་འདྲེན་འཐབ་ས་ལུ་ བྱོན་གནང་ཡོདཔ།

སྤྱི་ཟླ་༤ པའི་ཚེས་ ༢༩ ༢༠༡༦

HRH_PrinceJigyel-SurgicalCamp༉ མི་དབང་རྒྱལ་པོའི་སྲས་ འཇིགས་རྒྱལ་ཨྱོན་དབང་ཕྱུག་མཆོག་གིས་ ད་རིས་ སྤ་རོ་ལུ་སྦེ་ བཤག་བཅོས་ཀྱི་ལས་རིམ་འགོ་འདྲེན་འཐབ་ས་ལུ་ བྱོན་གནང་པའི་ཤུལ་ ནདཔ་དག་པ་ཅིག་དང་ཡང་ ཕྱད་གནང་ནུག

བཤག་བཅོས་འབད་མི་ནདཔ་ཚུ་ཡང་ ཁ་ཤོ་རལ་དང་ མེ་གིས་ཚིག་འཚིགཔ་ དེ་ལས་ གཅན་གཟན་གྱིས་གནོད་སྐྱོན་རྐྱབ་སྟེ་ཡོད་མི་ཚུ་ཨིན་མས།

བཤག་བཅོས་འདི་ཡང་ ཡུ་ཨེས་ལུ་ཡོད་པའི་ སར་ཇི་ཀོརཔ་ཨིན་ཊར་ནེ་ཤི་ནཱལ་་ཟེར་མི་ལས་སྡེ་ནང་ལས་ དྲུང་འཚོ་དང་སྨན་གཡོགམ་ཚུ་གིས་ རྐྱབ་འབྱིན་དོ་ཡོདཔ་ཨིན་མས།

ད་རེས་ཟླཝ་གི་སྤྱི་ཚེས་༢༣་ལས་འགོ་བཙུགས་ཡོད་མི་ བཤག་བཅོས་ཀྱི་ལས་རིམ་འདི་ཡང་ ཤུལ་མའི་ཟླཝ་གི་སྤྱི་ཚེས་༣་ལུ་ མཇུག་བསྡུ་ནི་ཨིན་མས།

ལས་རིམ་འདི་ནང་ལུ་ དུས་ཅི་ ནདཔ་༦༣་དེ་ཅིག་ལུ་ བཤག་བཅོས་འབད་ནི་ཨིནམ་ད་ ལས་འགུལ་འདི་ཡང་ མི་སེར་ཉམས་ཆུང་ཚུ་ལུ་ ཞབས་ཏོག་རིན་མེད་སྟོང་པ་འབད་འབྱིན་ནི་གི་དོན་ལས་ འགོ་འདྲེན་འཐབ་ཨིན་མས།

བཤག་བཅོས་ཀྱི་ལས་རིམ་འདི་ཡང་ སྤྱི་ལོ་༢༠༠༧་ལས་འགོ་བཙུགས་ཡོདཔ་ད་ ལས་རིམ་འདི་གིས་ ད་ལྟོ་ཚུན་ཚད་ ནདཔ་༦༠༠་དེ་ཅིག་ལུ་ རིན་མེད་སྟོང་པ་འབད་ བཤག་བཅོས་འབད་དེ་འདུག