གཟའ་ཕུར་བུ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༨

སྤྱིར་བཏང་ཨམ་སྲུ་ཚུ་གིས་ ཨ་ད་རག་ཅུང་ལག་ལེན་འཐབ་དགོཔ་སྦེ་ ཁྱབ་བསྒྲགས་འབད་མི་གི་དོན་ལས་ སྒྲིག་ལམ་ལས་ཚན་གྱིས་ཁ་ཐུག་ལས་ ཀི་དེབ་ཅིག་བརྩམ་པའི་བསྒང་རང་ཡོདཔ།

སྤྱི་ཟླ་༤ པའི་ཚེས་ ༢༨ ༢༠༡༦

AdaRachu༉ ནང་སྲིད་དང་སྲོལ་འཛིན་ལྷན་ཁག་གིས་ སྤྱིར་བཏང་ཨམ་སྲུ་ཚུ་གིས་ ཨ་ད་རག་ཅུང་ལག་ལེན་འཐབ་དགོཔ་སྦེ་ ཁྱབ་བསྒྲགས་འབད་མི་གི་དོན་ལུ་ སྒྲིག་ལམ་ལས་ཚན་གྱིས་ཁ་ཐུག་ལས་ ཀི་དེབ་ཅིག་བརྩམ་པའི་བསྒང་འདུག

འབྲུག་རྒྱལ་ཡོངས་སྒྲིག་ལམ་རྣམ་གཞག་ཟེར་མི་ ཀི་དེབ་འདི་ནང་ལུ་ སྤྱིར་བཏང་ འབྲུག་པའི་སྒྲིག་ལམ་རྣམ་གཞག་དང་ འདི་གི་ལག་ལེན་ཚུ་གི་སྐོར་ལས་ འོང་ནི་ཨིན་མས།

སྒྲིག་ལམ་རྣམ་གཞག་གི་ ཀི་དེབ་ཟིན་བྲིས་བཏབ་ནི་འགོ་བཙུགས་ཏེ་ ད་རེས་ ལོ་གཉིས་དེ་ཅིག་སོང་སྟེ་ཡོདཔ་ཨུན་མས།

ཀི་དེབ་འདི་ཡང་ སྒྲིག་ལམ་ལས་ཚན་གྱི་གཙོ་འཛིན་ འཇིགས་མེད་འོད་ཟེར་གྱིས་བྲིས་དོ་ཡོདཔ་ད་ ཁོ་གིས་སླབ་མི་ནང་ ཀི་དེབ་འདི་ ད་ལས་ཕར་ ཟླཝ་གཉིས་ཀྱི་ནང་འཁོད་ བྲིས་ཚར་བའི་རེ་བ་ཡོད་ཟེར་བཤད་ཅི།

ནང་སྲིད་དང་སྲོལ་འཛིན་ལྷན་ཁག་གིས་ དུས་ཅི་ སྤྱི་ཟླ་༢་པའི་སྤྱི་ཚེས་༡༦་ལུ་ སྤྱིར་བཏང་འབྲུག་པའི་ཨམ་སྲུ་ཚུ་གིས་ རག་ཅུང་འདི་ ཨ་ད་རག་ཅུང་འདི་རང་ ལག་ལེན་འཐབ་དགོཔ་སྦེ་ ཁྱབ་བསྒྲགས་ཅིག་བཏང་སྟེ་འདུག

ནང་སྲིད་བློན་པོ་ ཟླ་བ་རྒྱལ་མཚན་གྱིས་གསུང་མི་ནང་ སྤྱིར་བཏང་ཨམ་སྲུ་ཚུ་ལུ་ ཨ་ད་ར་ཅུང་བཀབ་དགོཔ་སྦེ་བཟོ་མི་འདི་ཡང་ ད་རེས་ནངས་པར་ རག་ཅུང་མ་འདྲཝ་ལེ་ཤཱ་ཅིག་རང་ འཐོན་ཏེ་ཡོད་མི་ལས་བརྟེན་ཏེ་ཨིན་ཟེར་གསུང་ཡི།

ད་རུང་ བློན་པོ་གིས་འབད་བ་ཅིན་ ཁྱབ་བསྒྲགས་དེ་སྦེ་བཏང་མི་འདི་ རྒྱལ་ཁབ་ནང་གི་ལམ་སྲོལ་ ཡར་དྲག་བཏང་ནི་དང་ བསྐྱར་གསོ་འབད་ནི་གི་དོན་ལས་ཡང་ཨིན་ཟེར་གསུང་ཡི།