གཟའ་ལྷག་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༤

རྟ་ལོག་སྒོ་ནོར་གསོ་སྐྱོང་གི་ལཱ་ འཕྲོ་འཐུད་དེ་འབད་ནི་གི་དོན་ལས་ ཚོང་འབྲེལ་འགོ་སྐབས་དང་ བརྡ་དོན་ལྟེ་བ་ལས་ སྐྱིན་འགྲུལ་ཁ་སྐོང་མ་ཐོབ་པར་ཡོདཔ

སྤྱི་ཟླ་༣ པའི་ཚེས་ ༣༡ ༢༠༡༦

AdditionalFund-BOiC༉ སྤུ་ན་ཁ་ལུ་ མི་སེར་སོ་ནམ་པ་གཅིག་གིས་ རྟ་ལོ་སྒོ་ནོར་གསོ་སྐྱོང་ཁང་ཟེར་མི་ སྒོ་ནོར་གྱི་ཚོང་ལཱ་ཅིག་གཞི་བཙུགས་འབད་ནི་འབད་ ལཱ་འགོ་བཙུགས་མི་འདི་ ཚོང་འབྲེལ་གོ་སྐབས་དང་བརྡ་དོན་ལྟེ་བ་གིས་ བསྐྱིན་འགྲུལ་ལྷག་ལུས་ བྱིན་མ་བཏུབ་མི་ལས་བརྟེན་ཏེ་ འཕྲོ་མཐུད་དེ་འབད་མ་ཚུགས་པར་འདུག

རྡོ་རྗེ་མཁའ་འགྲོ་གིས་ སྒོ་ནོར་གསོ་སྐྱོང་ཁང་གཅིག་ གཞི་བཙུགས་འབད་ནི་གི་དོན་ལས་ སྤུ་ན་ཁ་རྫོང་ཁག་ རྟ་ལོག་རྒེད་འོག་ ལབ་རྩ་ཁ་གཡུས་ཚན་ནང་ལུ་ ས་ཆ་ཨེ་ཀར་༡༦་དེ་ཅིག་ གླ་ཁར་ལེན་ཏེ་འདུག

ཁོ་གིས་ ཚོང་ལཱ་འདི་འགོ་བཙུགས་ནི་གི་དོན་ལས་ ཚོང་འབྲེལ་གོ་སྐབས་དང་བརྡ་དོན་ལྟེ་བ་ནང་ལུ་ དངུལ་ཀྲམ་ས་ཡ་༣་དང་འབུམ་༣་གི་ བསྐྱིན་འགྲུལ་དགོ་པའི་ཞུ་བ་འབད་ནུག

འདི་ནང་ལས་ ཚོང་འབྲེལ་གོ་སྐབས་དང་བརྡ་དོན་ལྟེ་བ་འདི་གིས་ ཁོ་ལུ་ ན་ཧིང་ བསྐྱིན་འགྲུལ་ས་ཡ་༡་ལྷགཔ་ཅིག་བྱིན་ཡོདཔ་ཨིན་མས།AdditionalFund-BOiC--

གནད་དོན་འདི་གི་སྐོར་ལས་ ཚོང་འབྲེལ་གོ་སྐབས་དང་བརྡ་དོན་ལྟེ་བ་གིས་སླབ་མི་ནང་ རྡོ་རྗེ་མཁའ་འགྲོ་ལུ་ བསྐྱིན་འགྲུལ་གྱི་ཏི་རུ་ལྷག་ལུས་ མ་བྱིན་པར་བཞག་མི་འདི་ཡང་ ཁོ་གིས་ ཧེ་མ་འབྱིན་ཏེ་ཡོད་མི་ ཏི་རུ་འདི་ཚུ་ ལོག་སྤྱོད་འབད་ཡོདཔ་སྦེ་ མཐོང་མི་ལས་བརྟེན་ཏེ་ཨིན་ཟེར་བཤད་ཅི།

ཨིན་རུང་ རྡོ་རྗེ་མཁའ་འགྲོ་གིས་འབད་བ་ཅིན་ མ་དངུལ་ལོག་སྤྱོད་འབད་ནུག་ཟེར་མི་འདི་ མི་བདེན་ཟེར་སླབ་དོ་ཡོདཔ་ཨིན།

དཀའ་ངལ་འདི་སེལ་ནི་གི་དོན་ལས་ ཚོང་འབྲེལ་གོ་སྐབས་དང་བརྡ་དོན་ལྟེ་བ་གིས་ ཕྲལ་རང་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་ནང་ལས་ འགོ་དཔོན་ཚུ་རྩིས་ཏེ་ ཞིབ་དཔྱད་སྡེ་ཚན་ཅིག་ བཏང་ནི་འབད་འདུག

འདི་གི་ཤུལ་ལས་རྐྱངམ་ཅིག་ རྡོ་རྗེ་མཁའ་འགྲོ་གིས་ བསྐྱིན་འགྲུལ་ལྷག་ལུས་འདི་ ཐོབ་ག་མི་འཐོབ་འདི་ ཤེས་ཚུགས་ཟེར་བཤད་ཅི།