གཟའ་ཟླ་བ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༢

ཤེས་རིག་བློན་པོ་ མིང་འབོ་འབྲུག་པ་འདི་ དགོངས་ཞུ་འབད་ནི་ཨིནམ།

སྤྱི་ཟླ་༣ པའི་ཚེས་ ༣༠ ༢༠༡༦
Education-Minister-Mingbo Dukpa resigns

ཤེས་རིག་བློན་པོ་ མིང་འབོ་འབྲུག་པ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ རྩ་ཚན་༡༧་པའི་ དོན་ཚན་༣་པ་དང་བསྟུན་ ཁ་ཙ་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ བཀའ་ཡི་གནང་བ་གི་དོན་ལས་ གཞུང་གི་གྲོས་འདེབས་ཚུ་ཕུལ་ཡོདཔ་ཨིན།

བློན་པོ་ནོར་བུ་དབང་ཕྱུག

བློན་པོ་ནོར་བུ་དབང་ཕྱུག

གྲོས་འདེབས་ཚུ་ཡང་ ཤེས་རིག་བློན་པོ་ མིང་འབོ་འབྲུག་པ་འདི་ དགོངས་ཞུ་འབད་ནི་དང་ བསྟན་རྒྱས་བློན་པོ་ནོར་བུ་དབང་ཕྱུག་འདི་ ཤེས་རིག་བློན་པོ་སྦེ་བསྐོས་ནི་སྦེ་ཨིན་མས།

དེ་ལས་ སྤྱི་ཚོགས་ཀྱི་འཐུས་མི་ ལས་སྐྱིད་རྡོ་རྗེ་འདི་ བསྟན་རྒྱས་བློན་པོ་གསརཔ་སྦེ་ བསྐོས་ནི་སྦེ་ཨིན་མས།

LekeyDorji

སྤྱི་ཚོགས་ཀྱི་འཐུས་མི་ ལས་སྐྱིད་རྡོ་རྗེ།

བློན་པོ་མིང་འབོ་འབྲུག་པ་གིས་ བློན་པོའི་གོ་གནས་ལས་ དགོངས་ཞུ་འབད་ནི་གི་ ཞུ་ཡིག་ཕུལ་ཡོདཔ་ད་ དེ་ཡང་ སྒེར་དོན་བཀོད་པའི་ཁར་ ཤེས་རིག་གི་ལས་འཆར་དང་ སློབ་གྲྭ་བསྐྱར་ཞིབ་ཀྱི་ལས་དོན་ཚུ་ མདུན་ཕྱོགས་ལུ་འབག་ནིའི་དོན་ལས་ ལྷན་ཁག་ནང་ལུ་ བློན་པོ་གསརཔ་ཅིག་ བསྐོས་དགོཔ་སྦེ་ རྒྱབ་སྣོན་ཞུ་ཡོདཔ་ཨིན་མས།

ད་ལས་ཕར་ བློན་པོ་མིང་འབོ་འབྲུག་པ་གིས་ བདེ་བ་ཐང་སྒོམ་བརྡར་འདེམས་ཁོངས་ལས་ སྤྱི་ཚོགས་ཀྱི་འཐུས་མི་སྦེ་ ཕྱག་ཞུ་ནི་ཨིན་མས།

གཞལ་སྒང་རྫོང་ཁག་ བར་རྡོ་ཀྲོང་འདེམས་ཁོངས་ལས་ སྤྱི་ཚོགས་ཀྱི་འཐུས་མི་ ལས་སྐྱིད་རྡོ་རྗེ་གིས་ ཁྲིམས་དོན་ཚོགས་ཆུང་གི་ཁྲི་འཛིན་དང་ ཚོགས་ཁང་ཚོགས་ཆུང་གི་ཁྲི་འཛིན་འོགམ་ དེ་ལས་ དཔལ་འབྱོར་དང་སྒེར་སྡེ་གོང་འཕེལ་ཚོགས་ཆུང་གི་ འཐུས་མི་སྦེ་ ཕྱག་ཞུ་དོ་ཡོདཔ་ཨིན།

ཁོ་གིས་ ཡུ་ཀེ་ལུ་ཡོད་པའི་ ཀཱན་ཝེན་ཀྲི་གཙུག་ལག་སློབ་སྡེ་ནང་ལས་ ཀྲེ་ལི་ཀོམ་ནང་ལུ་ ཨེམ་ཨེསི་སི་དང་ཡུ་ཨེསི་ཨེ་ལུ་ཡོད་པའི་ ཀཱེན་སཱསི་གཙུག་ལག་སློབ་སྡེ་ནང་ལས་ གློག་མེའི་བཟོ་རིག་ནང་ལུ་ བི་ཨེསི་སི གི་ཤེས་ཚད་སྦྱང་ཡོདཔ་ཨིན་མས།