གཟའ་ཕུར་བུ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༨

ཨ་དཱ་རྒེད་འོག་གི་དོན་ལུ་ སྣུམ་འཁོར་ཐལ་བའི་ཟམ་གཅིག་ འཐོབ་སྟེ་ཡོདཔ།

སྤྱི་ཟླ་༣ པའི་ཚེས་ ༣༠ ༢༠༡༦

Bridge-AthangGewog༉ དབང་འདུས་ཕོ་བྲང་རྫོང་ཁག་ ཨ་དཱ་རྒེད་འོག་གི་དོན་ལུ་ སྣུམ་འཁོར་ཐལ་བའི་ཟམ་གཅིག་ འཐོབ་ཡོདཔ་ཨིན་མས།

ཁ་ཙ་ འགོ་འབྱེད་འབད་དེ་ཡོད་མི་ ཟམ་འདི་ རྒེད་འོག་འདི་ནང་གི་ གཡུས་མཚན་༡༠་གི་ ཁྱིམ་གུང་པ་༨༦་གི་དོན་ལས་ སྲོག་ཤིང་བཟུམ་ཅིག་འོང་ནི་ཨིན་མས།

རིང་ཚད་མི་ཀྲར་༢༢་འབད་མི་ དི་ཆུ་ཟམ་འདི་ གསོ་བའི་བློན་པོ་རྟ་མགྲིན་དབང་ཕྱུག་དང་ འབྲུག་ལུ་ཇཱ་པཱན་གྱི་གཞུང་ཚབ་ ཀེན་ཇི་ཧི་ར་མ་ཚུ་གིས་ འགོ་འབྱེད་མཛད་གནང་ཡི།Bridge-AthangGewog--

ཟམ་འདི་ཡང་ ཇཱ་པཱན་གཞུང་གི་ཁ་ཐུག་ལས་ དངུལ་ཀྲམ་ས་ཡ་༦་དང་འབུམ་༧་ ཟད་འགྲོ་བཏང་ཞིན་ན་ བརྐྱབ་ཡོདཔ་ཨིན་མས།

ཧེ་མ་འབད་བ་ཅིན་ ཨ་དཱ་རྒེད་འོག་ནང་ལུ་ སོ་ནམ་ཞིང་ལམ་ཅིག་ མེད་མི་ལུ་བརྟེན་ རྒེད་འོག་འདི་ ས་གནས་གཞན་དང་ཅིག་ཁར་ གནམ་མེད་ས་མེད་ཅིག་ འབྲེལ་བ་མེད་པར་ལུས་ཡོདཔ་ཨིན་རུང་ ད་རེས་ སོ་ནམ་ཞིང་ལམ་དང་ ཟམ་གསརཔ་ཅིག་བརྐྱབ་སྟེ་ཡོདཔ་ལས་ མི་ཚུ་ སེམས་དགའ་སྟེ་ཡོདཔ་ཨིན་མས།

 ཇཱ་པཱན་གཞུང་ཚབ་ཡིག་ཚང་ནང་ལས་ འགོ་དཔོན་ཚུ་གིས་སླབ་མི་ནང་ ཟམ་འདི་གིས་ འབྲུག་དང་ཇཱ་པཱན་ རྒྱལ་ཁབ་གཉིས་ཀྱི་བར་ན་ མཐུན་ལམ་དང་མཉམ་འབྲེལ་ཡོད་མི་འདི་ ཧེང་བཀལ་ར་ སྒྲིང་སྒྲིང་དང་རྩ་བརྟན་ བཟོ་ཚུགས་པའི་རེ་བ་ཡོད་ཟེར་བཤད་ཅི།