གཟའ་ཕུར་བུ། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༣

གཞུང་གི་བདག་སྐྱོང་ནང་ལུ་ འགོ་འཁྲིདཔ་ལྕོགས་གྲུབ་མེད་པ་ཅིན་ གཞུང་སྐྱོང་ལམ་ལུགས་ནང་ལུ་ ལེགས་ཤོམ་མི་འོང་ནི་ཨིནམ།

སྤྱི་ཟླ་༣ པའི་ཚེས་ ༢༩ ༢༠༡༦

RCSC-ManagingPerformanceforPublicSectorExcellence༉ གཞུང་གི་བདག་སྐྱོང་ནང་ལུ་ འགོ་འཁྲིདཔ་ལེགས་ཤོམ་ཡོད་པ་ཅིན་ སྲིད་དོན་གྱི་འགོ་འཁྲིདཔ་ ལྕོགས་གྲུབ་དེ་ཅིག་རང་མེད་རུང་ གཞུང་སྐྱོང་གི་ལམ་ལུགས་ནང་ལུ་ མ་བཏུབ་མི་འོང་ཟེར་ཨིན་མས།

ཨིན་རུང་ གཞུང་གི་བདག་སྐྱོང་ནང་ལུ་ འགོ་འཁྲིདཔ་ལྕོགས་གྲུབ་ཡོད་མི་མེད་པ་ཅིན་ གཞུང་སྐྱོང་ལམ་ལུགས་ནང་ལུ་ ལེགས་ཤོམ་ཅིག་ འགྱོ་མི་བཏུབ་ཟེར་ཨིན་མས།

འདི་འབདཝ་ལས་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ གཞུང་གི་འགོ་དཔོན་ཚུ་གི་འགོ་འཁྲིད་པའི་ལྕོགས་གྲུབ་གོང་འཕེལ་བཏང་ཐབས་ལུ་ ཐབས་ལམ་ཚུ་ བཏོན་ཏེ་ཡོདཔ་སྦེ་ཨིན་མས།

འདི་ཡང་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ཁྲི་འཛིན་ དྲག་ཤོས་ཀརྨ་ཚུལ་ཁྲིམས་ཀྱིས་ ཁ་ཙ་ ལྷོ་ཨེ་ཤི་ཡ་ལུང་ཕྱོགས་མཐུན་འབྲེལ་ཚོགས་པའི་ འཐུས་མི་རྒྱལ་ཁབ་ཚུ་གི་ ཞི་གཡོག་ལྷན་ཚོགས་ཀྱི་ཞལ་འཛོམས་ནང་ལུ་ གསུང་ཡོདཔ་ཨིན།

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ཁྲི་འཛིན་ དྲག་ཤོས་ ཀརྨ་ཚུལ་ཁྲིམས་ཀྱིས་འབད་བ་ཅིན་ གཞུང་གི་བདག་སྐྱོང་འདི་ གཞུང་སྐྱོང་ལེགས་ལྡན་གྱི་ སྲོག་ཤིང་བཟུམ་ཅིག་འབདཝ་ལས་ གཞུང་གི་འགོ་དཔོན་ཚུ་གི་འགོ་འཁྲིད་པའི་རིག་རྩལ་ཡར་དྲག་བཏང་ནི་འདི་ ལྷན་ཚོགས་ཀྱི་གཙོ་རིམ་ཅིག་ཨིན་ཟེར་གསུང་ཡི།

 གཞུང་གི་འགོ་དཔོན་ཚུ་གི་དོན་ལུ་ འགོ་འཁྲིད་པའི་རིག་རྩལ་ ཡར་དྲག་བཏང་ནི་གི་ཐབས་ལམ་ཚུ་ཡང་ ཆེ་མཐོའི་འགོ་དཔོན་ཚུ་གི་ ལས་དོན་འཛིན་སྐྱོང་དང་ འགོ་འཁྲིད་པའི་ལྕོགས་གྲུབ་ཞི་བཀོད་ དེ་ལས་ ཞི་གཡོགཔ་་ ལྗོན་ཐངས་ཅན་དང་ ལྕོགས་གྲུབ་ཅན་བཟོ་ནི་ཚུ་ཨིན་མས།

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ནང་ལུ་ ད་རེས་ འཛིན་སྐྱོང་གི་གནས་ཚད་ནང་འགོ་དཔོན་༡༥༠་དེ་ཅིག་རྩིས་ཏེ་ ཞི་གཡོགཔ་ སྟོང་ཕྲག་༢༦་ལྷགཔ་ཅིག་འདུག