གཟའ་མིག་དམར། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༣

དར་དཀར་རྫོང་ཁག་ ལྷ་མོའི་རྫིང་ཁ་དྲུང་ཁག་ནང་ལུ་ རླུང་འཚུབས་ལས་བརྟེན་ཏེ་ ཁྱིམ་ཐོག་ཚུ་ཤུབས་བདའ་ཡོདཔ།

སྤྱི་ཟླ་༣ པའི་ཚེས་ ༢༩ ༢༠༡༦

DaganaWindstorm༉ དར་དཀར་ན་རྫོང་ཁག་ ལྷ་མོའི་རྫིང་ཁ་དྲུང་ཁག་ནང་ལུ་ ཁ་ཙ་དྲོ་པ་ ཆུ་ཚོད་ཕྱད་ད་༩་དེ་ཅིག་ཁར་ རླུང་འཚུབས་ཤུགས་འབད་རང་ འཕུ་མི་ལས་བརྟེན་ཏེ་ ནི་ཅུ་ལ་རྒེད་འོག་གི་ སྒང་ཏོག་ཁ་སྤྱི་འོག་ནང་ལུ་ ཁྱིམ་༢་ཀྱི་ཁྱིམ་ཐོག་ཚུ་ ག་ར་འཕྱག་འབག་སྟེ་འདུགDaganaWindstorm-

འདི་བཟུམ་སྦེ་ རླུང་འཚུབས་འདི་གིས་ ནི་ཅུ་ལ་དང་ ཀརྨ་གླིང་རྒེད་འོག་ནང་ལུ་ རྡོག་མ་ཤིང་དང་ ངང་ལ་གི་ཤིང་ཚུ་ལུ་ཡང་ གནོད་སྐྱོན་རྐྱབ་སྟེ་ཡོདཔ་སྦེ་ཨིན་མས།

ད་རུང་ རླུང་འཚུབས་འདི་གིས་ ལྷ་མོའི་རྫིང་ཁ་དྲུང་ཁག་ནང་ལུ་ཡོད་མི་ ཨ་ལུའི་གཅེས་སྐྱོང་ལྟེ་བའི་ཁྱིམ་ཐོག་འདི་ཡང་ ཡུག་ཅིགམ་འབད་རང་ ཤུབ་བདའ་ཡོདཔ་ཨིན་མས།

ཨིན་རུང་ ད་ལྟོ་ཚུན་ རླུང་འཚུབས་འདི་ལས་བརྟེན་ཏེ་ མི་ལུ་གནོད་སྐྱོན་རྐྱབ་ཡོད་པའི་སྙན་ཞུ་ཚུ་ ག་ནི་ཡང་མེདཔ་ཨིན།