གཟའ་ལྷག་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༧

འབྲུག་དང་བང་ལ་དེཤ་ རྒྱ་གར་དང་བལ་བུ་རྒྱལ་ཁབ་ཚུ་གི་བར་ན་ སྣུམ་འཁོར་གྱི་གན་རྒྱ་ཡོད་མི་འདི་ལུ་ ཕུན་ཚོགས་གླིང་ལུ་སྡོད་མི་ཚུ་ ཚ་འགྱང་ལང་སྟེ་ཡོདཔ།

སྤྱི་ཟླ་༣ པའི་ཚེས་ ༢༩ ༢༠༡༦

Phuentshogling-unsure-about-BBIN-Agreement༉ ཕུན་ཚོགས་གླིང་ལུ་ ཞི་གཡོགཔ་དང་ལས་འཛིན་ནང་ལུ་ ལཱ་འབད་མི་ཚུ་གིས་ འབྲུག་དང་བང་ལ་དེཤ་ རྒྱ་གར་དང་བལ་བུ་རྒྱལ་ཁབ་ཚུ་གི་བར་ན་ སྣུམ་འཁོར་གྱི་གན་རྒྱ་ཅིག་ཡོད་མི་འདི་ལུ་ ཚ་འགྱང་ཡོད་ལུགས་ཚུ་བཤད་ཅི།

ཁོང་ཆ་ཁྱབ་ཀྱིས་སླབ་མི་ནང་ གན་རྒྱ་འདི་གིས་ འབྲུག་པའི་སྣུམ་འཁོར་བཏང་མི་ཚུ་ལུ་ ཐོ་ཕོག་ནི་མས་ཟེར་ཨིན་མས།

ལྡོགས་ཕྱོགས་ཚོགས་པ་གིས་ གཟའ་ཉིམ་གི་ཚེས་ ཕུན་ཚོགས་གླིང་གི་མི་ཚུ་དང་ཅིག་ཁར་ འབྲུག་དང་བང་ལ་དེཤ་ རྒྱ་གར་དང་བལ་བུ་ རྒྱལ་ཁབ་ཚུ་གི་བར་ན་ སྣུམ་འཁོར་གྱི་གན་རྒྱ་ཅིག་ཡོད་མི་གི་སྐོར་ལས་ གྲོས་བསྟུན་ཚུ་འབད་ཡི།

ལྡོགས་ཕྱོགས་ཚོགས་པའི་འགོ་ཁྲིདཔ་གིས་སླབ་མི་ནང་ ལྡོགས་ཕྱོགས་ཚོགས་པ་གིས་ གན་རྒྱ་འདི་ལུ་ རྒྱབ་སྐྱོར་ཡོད་རུང་ གདོང་ལེན་འདི་ཚུ་གི་ཐད་ཁར་ ཚ་འགྱང་ཡོད་ཟེར་བཤད་ཅི།

ཞལ་འཛོམས་འདི་ནང་ལུ་འོང་མི་ ལ་ལུ་ཅིག་གིས་འབད་བ་ཅིན་ གན་རྒྱ་འདི་གིས་འབད་ འབྲུག་པའི་དེད་གཡོགཔ་ལ་ལུ་ཅིག་ གཡོག་བྱང་སྟེ་ དེ་སྦེ་རང་ལུས་ནི་གི་ ཉེན་ཁག་འདུག་ཟེར་ཨིན་མས།

འབྲུག་དང་བང་ལ་དེཤ་ རྒྱ་གར་དང་བལ་བུ་རྒྱལ་ཁབ་ཚུ་གི་བར་ན་ སྣུམ་འཁོར་གྱི་གན་རྒྱ་འདི་གི་སྐོར་ལས་ ནངས་པ་ལས་ བང་ལ་དེཤ་ལུ་སྦེ་ ཉིནམ་གཉིས་ཀྱི་རིང་ ཞལ་འཛོམས་ཅིག་ཚོགས་ནི་སྦེ་འདུག