གཟའ་ལྷག་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༤

གཞལ་སྒང་རྫོང་ཁག་གིས་ ལོ་བསྟར་ཚལ་ལུའི་འཐོན་བསྐྱེད་བཏོན་ནི་གི་ དམིགས་གཏད་བསྐྱེད་མི་འདི་ མར་ཕབ་འབད་ནི་སྦེ་ གྲོས་འཆར་ཕུལ་མི་འདི་ བློན་ཆེན་གྱིས་ ཆ་མེད་གནང་ཡོདཔ།

སྤྱི་ཟླ་༣ པའི་ཚེས་ ༢༨ ༢༠༡༦

PMrejects-Zhemgang-CutDown-OrangeProduction- ༉ གཞལ་སྒང་རྫོང་ཁག་གིས་ ལོ་བསྟར་ཚལ་ལུའི་འཐོན་བསྐྱེད་ ཡར་དྲག་བཏང་ནི་གི་ དམིགས་གཏད་བསྐྱེད་དེ་ཡོད་ས་ལས་ ཕྱེད་ཀ་དེ་ཅིག་གིས་ མར་ཕབ་འབད་དགོ་པའི་ གྲོས་འཆར་ཕུལ་མི་འདི་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ ཆ་མེད་གནང་ཡོདཔ་ཨིན།

གཞལ་སྒང་རྫོང་ཁག་གིས་ ལོ་བསྟར་བཞིན་དུ་ ཚལ་ལུ་མེ་ཀྲིཀ་ཊན་སྟོང་ཕྲང་༡༢དེ་ཅིག་བཏོན་ནི་འབད་ དམིགས་བསྐྱེད་དེ་ཡོདཔ་ཨིན་མས།

ཨིན་རུང་ རྫོང་ཁག་གིས་ དུས་ཅི་ ཚལ་ལུ་མེ་ཀྲིག་ཏན་སྟོང་ཕྲག་༤་མ་ལངམ་ཅིག་ལས་བརྒལ་ བཏོན་མ་ཚུགས་པས།PMrejects-Zhemgang-CutDown-OrangeProduction

ཚལ་ལུའི་འཐོན་བསྐྱེད་ དེ་སྦེ་ མར་ཕབ་འགྱོ་མི་འདི་ཡང་ ཚལ་ལུའི་ཤིང་ཚུ་ལུ་ ནད་གཞི་ཐོབ་མི་ལས་བརྟེན་ཏེ་ཨིན་མས།

རྫོང་ཁག་གིས་ཁ་ཐུག་ལས་ བློན་ཆེན་ལུ་ ཚལ་ལུའི་འཐོན་བསྐྱེད་བཏོན་ནི་འབད་ དམིགས་གཏད་བསྐྱེད་དེ་ཡོད་ས་ལས་ ཕྱེད་ཀ་དེ་ཅིག་གིས་ མར་ཕབ་འབད་དགོ་པའི་ ཞུ་བ་ཕུལ་ཡོདཔ་ཨིན།

འདི་ཡང་ ད་ལས་ཕར་ ལོ་བསྟར་བཞིན་དུ་ ཚལ་ལུའི་འཐོན་བསྐྱེད་མེ་ཀྲིག་ཊན་ སྟོག་ཕྲག་༤་མ་ལངམ་ཅིག་ བཏོན་ནི་སྦེ་གྲོས་འཆར་ཕུལ་ཡོདཔ་ཨིན་མས།

ཨིན་རུང་ བློན་ཆེན་གྱིས་ དམིགས་གཏད་བསྐྱེད་དེ་ཡོད་མི་འདི་ དེ་སྦེ་རང་བཞག་དགོ་ཟེར་གསུངས་ཏེ་སྦེ་ ཞུ་བ་་འདི་ཆ་མེད་གནང་ཡོདཔ་ཨིན།

 ཚལ་ལུ་འདི་ རྫོང་ཁག་འདི་ནང་གི་ རྒེད་འོག་ཡུདཔ་ཅིག་ ག་རའི་དོན་ལས་ དངུལ་ཐོག་གཙོ་བོ་ཅིག་ཨིན་མས།

ཨིན་རུང་ རྫོང་ཁག་འདི་ནང་ལུ་ འདས་པའི་ལོ་དག་པ་ཅིག་གི་ནང་ ཚལ་ལུ་ཤིང་ཚུ་ལུ་ ནད་གཞི་མ་འདྲཝ་ཚུ་ཐོབ་མི་ལས་བརྟེན་ཏེ་ འཐོན་བསྐྱེད་འདི་ ཚར་ཅིག་གུར་ མར་ཕབ་སོང་སྟེ་ཡོདཔ་ཨིན་མས།