གཟའ་པ་སངས། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༤

གཞལམ་སྒང་རྫོང་ཁག་ཚོགས་འདུ་གིས་ གཞལ་སྒང་ལུ་མཐོ་རིམ་སློབ་གྲྭ་གཅིག་ དགོ་པའི་སྐོརལས་ གྲོས་འཆར་ཕུལ་ནི་སྦེ་ གྲོས་ཐག་ཆོད་ཡོདཔ།

སྤྱི་ཟླ་༢ པའི་ཚེས་ ༢༩ ༢༠༡༦

Zhemgang’s-local-leaders-propose-for-a-university༉ གཞལམ་སྒང་རྫོང་ཁག་གི་ མི་སྡེའི་འགོ་ཁྲིདཔ་ཚུ་གིས་ ཕྲལ་ཁམས་ཅིག་ཁར་ རྫོང་ཁག་ཚོགས་འདུ་ཚོགས་པའི་སྐབས་ གཞུང་ལུ་ རྫོང་ཁག་འདི་ནང་ མཐོ་རིམ་སློབ་གྲྭ་གཅིག་གནང་དགོ་པའི་ གྲོས་འཆར་ཕུལ་ནི་སྦེ་ གྲོས་ཐག་བཅད་ནུག

དེ་ཡང་ གཙོ་བོ་ར་ ལུང་ཕྱོགས་གོང་འཕེལ་འདྲ་མཉམ་གྱི་དོན་ལུ་ཨིན་མས།

གནད་དོན་དེ་གི་སྐོར་ལས་ གྲོས་གཞི་ནང་ལུ་མེད་དེ་འབད་རུང་ རྫོང་ཁག་ཚོགས་འདུ་ནང་ལུ་ ཁེངས་སྨད་ལུ་ཡོད་པའི་ སློབ་གྲྭ་གཅིག་ རྒྱ་བསྐྱེད་བཏང་ནིའི་སྐོར་ལས་ གསུང་གྲོས་གནང་པའི་སྐབས་ ལོ་རྒྱུས་འཐོན་ཡོདཔ་ཨིན་མས།

མི་སྡེའི་འགོ་ཁྲིདཔ་ཚུ་གིས་སླབ་མི་ནང་ རྫོང་ཁག་འདི་ནང་ལུ་ མཐོ་རིམ་སློབ་གྲྭ་ཅིག་ཡོད་པ་ཅིན་ ལུང་ཕྱོགས་གོང་འཕེལ་འདྲ་མཉམ་གྱི་མ་ཚད་པར་ རྫོང་ཁག་འདི་ནང་གི་ མི་སེར་ཚུ་གི་ མི་སྡེའི་དཔལ་འབྱོར་གི་གནས་སྟངས་ཡང་ ཡར་དྲག་བཏང་ཚུགས་ནི་མས་ཟེར་བཤད་ཅི།

རྫོང་ཁག་ཚོགས་འདུ་གི་ བལྟ་རྟོགས་པ་ལ་ལོ་ཅིག་གིས་བཀོད་མི་ནང་ གཞུང་གིས་ གྲོས་འཆར་འདི་ ཆ་འཇོག་གནང་སྟེ་འབད་བ་ཅིན་ དེ་གིས་ གཞལ་སྒང་རྐྱངམ་ཅིག་ལུ་མེན་པར་ སྤྱིར་བཏང་ རྒྱལ་ཁབ་ཀྱི་ གྲོང་གསེབ་དཔལ་འབྱོར་དང་ དབུལ་ཕོངས་མར་ཕབ་འབད་ནི་ལུ་ ཕན་ཐོགས་བྱུང་འོང་ཟེར་ཨིན་མས།

ད་རེས་ གཞལམ་སྒང་ལུ་ སློབ་གྲྭ་ལྟེ་བ་༣་རྩིས་ཏེ་ སློབ་གྲྭ་བསྡོམ་གྱི་༢༨་ཡོདཔ་ཨིན་མས།