གཟའ་མིག་དམར། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༣

མི་དབང་རྒྱལ་པོའི་སྲས་ འཇིགས་རྒྱལ་ཨྱོན་དབང་ཕྱུག་མཆོག་གིས་ ལུས་རྩལཔ་ཚུ་ལུ་ རྩེད་རིགས་མཆོག་གྱུར་གྱི་ རྟགས་མ་གནང་ཡོདཔ།

སྤྱི་ཟླ་༢ པའི་ཚེས་ ༢༧ ༢༠༡༦

HRHwithMedalist༉ མི་དབང་རྒྱལ་པོའི་སྲས་ འཇིགས་རྒྱལ་ཨྱོན་དབང་ཕྱུག་མཆོག་གིས་ ལུས་རྩལཔ་༡༦་དང་ འཕྲལ་ཁམས་ཅིག་ཁར་ ལྷོ་ཨེ་ཤི་ཡ་རྩེད་འགྲན་ཐེངས་༡༢་པའི་ནང་ལས་ རྟགས་མ་ཐོབ་མི་ ཁོང་ ལུས་རྩལཔ་ཚུ་གི་སློབ་སྟོན་པ་ལུ་ རྩེད་རིགས་མཆོག་གྱུར་གྱི་ རྟགས་མ་གནང་ཡི།

དངུལ་ཀྲམ་ས་ཡ་༢་ལྷགཔ་ཅིག་གནས་པའི་ རྟགས་མ་འདི་ཡང་ འབྲུག་ཨོ་ལོམ་པིག་ཚོགས་པ་གིས་ མ་དངུལ་རྒྱབ་སྐྱོར་གྱི་ཐོག་ལས་ ཁོང་ལུས་རྩལཔ་ཚུ་ལུ་ དགའ་འཚོར་བཟུམ་ཅིག་འབད་ གནང་ཡོདཔ་ཨིན་མས།

ད་རེས་ འབྲུག་གི་ ལྷོ་ཨེ་ཤི་ཡ་རྩེད་འགྲན་ནང་ལས་ དངུལ་གྱི་རྟགས་མ་གཅིག་རྩིས་ཏེ་ རྟགས་མ་བསྡོམས་༡༦་ཐོབ་སྟེ་ཡོདཔ་ད་ ད་ལྟོ་ཚུན་ཚོད་ རྟགས་མ་མཐོ་ཤོས་ཅིག་སྦེ་ ཐོབ་ཡོདཔ་ཨིན་མས།

རྩེད་འགྲན་འདི་ཡང་ འདས་པའི་ཟླཝ་ནང་ལུ་ རྒྱ་གར་གྱི་ས་གནས་ གོ་བ་ཊི་དང་ཤི་ལོང་ལུ་འགོ་འདྲེན་འཐབ་ནུག

ཤུལ་མའི་ལྷོ་ཨེ་ཤི་ཡ་གི་རྩེད་འགྲན་འདི་ སྤྱི་ལོ་༢༠༡༨་ལོའི་ནང་ བཱལ་བུ་ལུ་སྦེ་ འགོ་འདྲེན་འཐབ་ནི་ཨིན་མས།