གཟའ་མིག་དམར། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༨

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དྲང་དཔོན་སྦེ་ འདེམས་བསྐོས་འབད་དེ་ཡོད་མི་ཚུ་ལུ་ བཀྲིས་ཁ་དར་གནང་ཡོདཔ།

སྤྱི་ཟླ་༢ པའི་ཚེས་ ༢༥ ༢༠༡༦

HM Grants Dhar to Newly Appointed Drangpons༉ ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དྲང་དཔོན་སྦེ་ འདེམས་བསྐོས་འབད་དེ་ཡོད་མི་ བཀྲིས་དབྱངས་འཛོམས་དང་ ཡེ་ཤེས་རྡོ་རྗེ་ དེ་ལས་ ལྷུན་གྲུབ་བཟང་པོ་གསུམ་ལུ་ བཀྲིས་ཁ་དར་གནང་ཡི།

བཀྲིས་དབྱངས་འཛོམས་ཀྱིས་ བཀྲིས་གཡང་རྩེ་རྫོང་ཁག་ཁྲིམས་ཀྱི་འདུན་ས་ལུ་ དྲང་དཔོན་སྦེ་ ཕྱག་ཞུ་ནི་ཨིནམ་དང་ ལྷུན་གྲུབ་བཟང་པོ་གིས་ ལྷུན་རྩེ་རྫོང་ཁག་ཁྲིམས་ཀྱི་འདུན་ས་ལུ་ དྲང་དཔོན་སྦེ་ཕྱག་ཞུ་ནི་ཨིན་མས།

དེ་ལས་ ཡེ་ཤེས་རྡོ་རྗེ་གིས་ རྒྱལ་པོའི་གཟིམ་དཔོན་ཡིག་ཚང་ནང་ལུ་ ཕྱག་ཞུ་ནི་ཨིན་མས།

ཁྲིམས་བཟོའི་ཞབས་ཏོག་བཅད་ཁྲིམས་ ༢༠༠༧ཅན་མ་དང་འཁྲིལཔ་ད་ དྲང་དཔོན་ཚུ་ རྒྱལ་འཛིན་ཁྲིམས་བཟོའི་ཞབས་ཏོག་ཚོགས་སྡེ་གིས་ མི་ངོམ་བཏོན་ཡོད་མི་ལུ་ འབྲུག་གི་ཁྲིམས་སྤྱི་བློན་པོ་གི་ རྒྱབ་སྣོན་གུར་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཕྱག་རྟགས་གནང་སྟེ་སྦེ་ འདེམས་བསྐོས་གནང་ནི་སྦེ་ ཡོདཔ་ཨིན་མས།