གཟའ་ཕུར་བུ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༨

ཤར་དང་ནུབ་ཀྱི་བར་ནའི་ གཞུང་ལམ་རྒྱ་བསྐྱེད་འབད་ནི་གི་དོན་ལས་ མ་དངུལ་ཁ་སྐོང་དགོཔ།

སྤྱི་ཟླ་༢ པའི་ཚེས་ ༢༥ ༢༠༡༦

AdditionalFundforEastWestHighway༉ ཤར་ཕྱོགས་དང་ནུབ་ཕྱོགས་ཀྱི་བར་ནའི་ རྒྱལ་ཡོངས་གཞུང་ལམ་རྒྱ་སྐྱེད་ཀྱི་ལཱ་འདི་ མཇུག་བསྡུ་ནི་གི་དོན་ལས་ ལམ་སེལ་ལས་ཁུངས་ལུ་ ད་རུང་ར་ མ་དངུལ་ དངུལ་ཀྲམ་ས་ཡ་སྟོང་ཕྲག་༡དང་ ༩༠༠དེ་ཅིག་ ཁ་སྐོང་དགོཔ་ཡོདཔ་ཨིན་མས།

འདི་ཡང་ ད་རེས་ཀྱི་ལོ་ལྔའི་འཆར་གཞི་གི་ རྒྱ་གར་ཀྱི་མཉམ་འབྲེལ་ལས་འགུལ་གྲོགས་རམ་གྱི་ ལས་འགུལ་བལྟ་ཞིབ་ཚོགས་ཆུང་ཞལ་འཛོམས་ འགོ་དང་པ་འདི་ ཚོགས་པའི་སྐབས་ལུ་ གྲོས་བསྟུན་འབད་ཡོདཔ་ཨིན་མས།

ཞལ་འཛོམས་འདི་ཡང་ རྒྱ་གར་གཞུང་དང་ འབྲུག་གཞུང་གི་བར་ན་ ད་རིས་ ཚོགས་ཡོདཔ་ཨིན།

རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱི་མདོ་ཆེན་གྱིས་སླབ་མི་ནང་ ལམ་སེལ་ལས་ཁུངས་ཀྱིས་ གཞུང་ལམ་རྒྱ་སྐྱེད་ཀྱི་ལཱ་འདི་ སྤྱི་ལོ་༢༠༡༧སྤྱི་ཟླ་༡༢པའི་ནང་ མཇུག་བསྡུ་ཚུགསཔ་སྦེ་ འབད་ནི་གི་དོན་ལས་ མ་དངུལ་ཁ་སྐོང་འདི་དགོ་པས་ཟེར་ཨིན་མས།

རྒྱ་གར་གཞུང་གིས་ ད་རེས་ཚུན་ཚོད་ཀྱི་བར་ན་ གཞུང་ལམ་རྒྱ་སྐྱེད་ཀྱི་དོན་ལས་ དངུལ་ཀྲམ་ས་ཡ་སྟོང་ཕྲག་༤ལྷགཔ་ཅིག་གནང་ཡོདཔ་ཨིན་མས།

 ཨིན་རུང་ མ་དངུལ་ག་ར་ ཆ་འཇོག་གནང་ནི་ཨིན་ན་དང་མེན་ན་འདི་ དུས་ཅི་སྤྱི་ཟླ་༨པའི་ནང་ གཞུང་གཉིས་ཀྱི་བར་ན་ ཞལ་འཛོམས་ཚོགས་པའི་ཤུལ་ལས་རྐྱངམ་ཅིག་ གཏན་ཁེལ་སྦེ་ཤེས་ཚུགས་ནི་ཨིན་མས།

གཞུང་ལམ་རྒྱ་སྐྱེད་ཀྱི་ལཱ་འདི་ སྤྱི་ལོ་༢༠༡༤སྤྱི་ཟླ་༢པའི་ནང་ལས་ འགོ་བཙུགས་ཏེ་ཡོདཔ་དང་ ད་རེས་ཚུན་ཚོད་ཀྱི་བར་ན་ ལཱ་བརྒྱ་ཆ་༧༠མ་ལངམ་ཅིག་ མཇུག་བསྡུ་སྟེ་ཡོདཔ་ཨིན་མས།

གཞུང་ལམ་རྒྱ་སྐྱེད་ཀྱི་ལཱ་འདི་ཡང་ སེམས་རྟོགས་ཁ་ལས་ བཀྲིས་སྒང་གི་བར་ན་ ཨིན་མས།