གཟའ་ཕུར་བུ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༨

སྤྱི་ལོ་༢༠༡༤་དང་ཕྱདཔ་ད་ ན་ཧིང་གི་ལོ་ན་ བྱ་ངན་འབད་མི་གི་གནད་དོན་མར་ཕབ་སོང་ཡོདཔ།

སྤྱི་ཟླ་༡ པའི་ཚེས་ ༢༨ ༢༠༡༦

Crime rate comes down by 13 percent༉ རྒྱལ་གཞུང་འབྲུག་གི་འགག་སྡེ་དང་འཁྲིལ་བ་ཅིན་ སྤྱི་ལོ་༢༠༡༤་དང་ཕྱདཔ་ད་ལུ་ ན་ཧིང་ རྒྱལ་ཁབ་ནང་ལུ་ ཁྲིམས་ལས་འགལ་བའི་ལཱ་འབད་མི་གི་གནད་དོན་འདི་ བརྒྱ་ཆ་༡༣་གྱིས་ མར་ཕབ་སོང་སྟེ་ཡོདཔ་སྦེ་ཨིན་མས།

འདི་ཡང་ སྤྱི་ལོ་༢༠༡༤་ལུ་ བྱ་ངན་ཁག་༢༣༠༠་ལྷགཔ་ཅིག་ཐོ་བཀོད་འབད་དེ་ཡོད་ས་ལས་ སྤྱི་ལོ་༢༠༡༥་ལུ་ བྱ་ངན་འདི་ ༢༠༠༠་ལྷགཔ་ཅིག་ལས་བརྒལ་ མ་འབྱུངམ་ཨིན་མས།

རྒྱལ་གཞུང་འབྲུག་གི་འགག་སྡེ་གི་གཙོ་འཛིན་ མདོ་འཛིན་སྐྱིདཔ་ཅུ་རྣམ་རྒྱལ་གྱིས་ གནས་ཚུལ་ཞལ་འཛོམས་ནང་ལུ་གསུང་མི་ནང་ ཁྲིམས་འགལ་འབད་མི་གི་གནད་དོན་ དེ་སྦེ་མར་ཕབ་འགྱོ་མི་འདི་ཡང་ ཁྲིམས་སྲུང་འགག་པ་གིས་བརྩོན་ཤུགས་སྐྱེད་མི་རྐྱངམ་ཅིག་གིས་མེན་པར་ ངོ་མ་རང་ མི་དམངས་ཀྱི་རྒྱབ་སྐྱོར་ལས་བརྟེན་ཏེ་ཨིན་ཟེར་གསུང་ཡི།

ཁྲིམས་སྲུང་འགག་པ་གིས་ ན་གཞོན་དང་མི་དམངས་ཚུ་དང་ཅིག་ཁར་ མཉམ་འབྲེལ་གྱི་ལས་རིམ་ལེ་ཤཱ་ཅིག་རང་ གཞི་བཙུགས་འབད་དེ་སྦེ་འདུག

ད་རུང་ ཁྲིམས་སྲུང་གཙོ་འཛིན་གྱིས་གསུང་མི་ནང་ རྒྱལ་ཁབ་ནང་ལུ་ ཁྲིམས་འགལ་འབད་མི་མར་ཕབ་འབད་ནི་གི་ནང་ལུ་ བརྡ་བརྒྱུད་ཚུ་གིས་ཡང་ ཁག་ཆེ་བའི་འགན་ཁུར་སྦོམ་སྦེ་རང་འབག་སྟེ་ཡོད་ཟེར་ཨིན་མས།