གཟའ་ལྷག་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༤

འབྲུག་རྒྱལ་ཁབ་འདི་ འཛམ་གླིང་ནང་ལུ་ཡོད་པའི་ ངན་ལྷད་ཉུང་སུ་ཅིག་གི་ རྒྱལ་ཁབ་ཅིག་ཨིནམ།

སྤྱི་ཟླ་༡ པའི་ཚེས་ ༢༨ ༢༠༡༦

Bhutan climbs three places in corruption perception index༉ སྤྱི་ལོ་༢༠༡༥ལོའི་ ངན་ལྷད་ཀྱི་གནས་ཚད་སྙན་ཞུ་དང་འཁྲིདཔ་ད་ རྒྱལ་ཁབ་༡༦༨གི་གྲལ་ལས་ འབྲུག་རྒྱལ་ཁབ་འདི་ ངན་ལྷད་ཉུང་སུ་ཅིག་ཡོད་པའི་ རྒྱལ་ཁབ་༢༧གི་གྲལ་ཁར་ཚུད་དེ་ཡོདཔ་ཨིན་མས།

སྙན་ཞུ་འདི་ཡང་ ངན་ལྷད་ལུ་གདོང་ལེན་འབད་མི་ རྒྱལ་སྤྱི་གི་ ཞི་བའི་མི་སྡེ་ལས་ཚོགས་ཅིག་ཨིན་མི་ རྒྱལ་སྤྱི་དྭངས་བསལ་ཚོགས་པ་གིས་ ཁ་ཙ་ གསར་བཏོན་འབད་ཡོདཔ་ཨིན།

ད་རེས་ཀྱི་སྙན་ཞུ་ནང་ལུ་ སྤྱི་ལོ་༢༠༡༤གི་སྙན་ཞུ་དང་འཁྲིདཔ་ད་ འབྲུག་རྒྱལ་ཁབ་ཀྱི་གནས་ཚད་འདི་ ༣དེ་ཅིག་གི་ ཡར་སེང་འགྱོ་ཡོདཔ་ཨིན་མས།

ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་བཀོད་མི་ནང་ འདི་བཟུམ་གྱི་གྲུབ་འབྲས་བྱུང་མི་འདི་གཙོ་བོ་ར་ སྲིད་འབྲེལ་གྱི་དྭངས་ལེན་ལེགས་ཤོམ་ཡོད་མི་དང་ ལྷན་ཚོགས་ནང་གི་ ལས་འབྱེདཔ་ཚུ་གིས་ ལཱ་རྩ་འགེངས་ཏེ་འབད་མི་ལས་བརྟེན་ཨིན་ཟེར་བཤདཔ་ཨིན་མས།

ད་རུང་ ལྷན་ཚོགས་ཀྱིས་བཀོད་མི་ནང་ འདི་བཟུམ་གྱི་ གྲུབ་འབྲས་བྱུང་མི་འདི་གིས་ མ་འོངས་པའི་ནང་ འདི་ལས་ལྷག་པའི་ལཱ་འབད་ནི་གི་ནང་ སེམས་ཤུགས་བྱིན་འོང་ཟེར་ཨིན་མས།

ལྷོ་ཨེ་ཤི་ཡང་ལུང་ཕྱོགས་མཐུན་འབྲེལ་ཚོགས་པའི་ འཐུས་མི་རྒྱལ་ཁབ་ཚུ་གི་གྲལ་ལས་འབད་བ་ཅིན་ འབྲུག་རྒྱལ་ཁབ་འདི་ ངན་ལྷད་ཉུང་སུ་ཡོད་མི་རྒྱལ་ཁབ་ ཨང་དང་པའི་ནང་ར་ ཚུད་དེ་ཡོདཔ་ཨིན་མས།