གཟའ་སྤེན་པ། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༥

ས་སྣུམ་བཀྲམ་སྤེལ་འབད་སའི་ས་སྒོ་ཚུ་ནང་ལུ་ གློག་རིག་གི་ཐོག་ལས་ འབྱོར་རྟགས་སྤྲོད་དོ་ཡོདཔ།

སྤྱི་ཟླ་༡ པའི་ཚེས་ ༢༨ ༢༠༡༦

FuelDepot-Bill༉ ས་སྣུམ་ལས་བརྟེན་པའི་ མ་དངུལ་འདི་ཚུ་འཛིན་སྐྱོང་འཐབ་ནི་གི་ནང་ དྭངས་བསལ་དང་འགན་འཁྲིད་ལེགས་ཤོམ་བྱུང་ནི་གི་དོན་ལས་ བསྟན་རྒྱས་ལྷན་ཁག་གིས་ ཐིམ་ཕུག་ལུང་བསྟན་ཟམ་པ་ལུ་ཡོད་པའི་ ས་སྣུམ་བཀྲམ་སྤེལ་ཁང་ནང་ལུ་ གློག་རིག་ཐོག་ལས་འབྱོར་རྟགས་སྤྲོད་ནི་གི་མཐུན་རྐྱེན་འདི་ འགོ་བཙུགས་ཡོདཔ་ཨིན་མས།

མཐུན་རྐྱེན་འདི་ཡང་ ཁ་ཙ་ བསྟན་རྒྱས་བློན་པོ་ ནོར་བུ་དབང་ཕྱུག་གིས་ འགོ་འབྱེད་མཛད་གནང་ནུག

ཧེ་མ་བཟུམ་སྦེ་མེན་པར་ ད་ལས་ཕར་ སྣུམ་འཁོར་གྱི་ཇོ་བདག་ཚུ་གིས་ སྣུམ་འཁོར་ནང་མར་ཁུ་བླུག་པའི་སྐབས་ གློག་རིག་ལས་བརྟེན་པའི་ འབྱོར་རྟགས་རེ་འཐོབ་ནི་ཨིན་མས།

བསྟན་རྒྱས་བློན་པོ་ ནོར་བུ་དབང་ཕྱུག་གིས་གསུང་མི་ནང་ གློག་རིག་གི་ཐོག་ལས་ འབྱོར་རྟགས་སྤྲོད་ནི་གི་མཐུན་རྐྱེན་འདི་ གཞི་བཙུགས་འབད་མི་འདི་གིས་ ཞབས་ཏོག་ཡར་དྲག་བཏང་ཚུགས་ནི་ཨིནམ་མ་ཚད་ ས་སྣུམ་བཀྲམ་སྤེལ་འབད་སའི་ས་སྒོ་ཚུ་ནང་ལས་ མར་ཁུ་སླ་བསྲེ་སྟེ་ཡོད་མི་དང་ མར་ཁུ་ཉུང་སུ་སྦེ་བྱིན་དོ་ཡོད་པའི་ ཉོགས་བཤད་ལྷོད་མི་གི་དཀའ་ངལ་ཚུ་བསལ་ནི་ལུ་ ལྷན་ཐབས་བྱུང་འོང་ཟེར་ཨིན་མས།

འདི་བཟུམ་སྦེ་ གློག་རིག་གི་ཐོག་ལས་ འབྱོར་རྟགས་སྤྲོད་ནི་གི་མཐུན་རྐྱེན་འདི་ ཕུན་ཚོགས་གླིང་དང་ དབང་འདུས་ཕོ་བྲང་ དེ་ལས་ སྤ་རོ་གི་ ས་སྣུམ་བཀྲམ་སྤེལ་ཁང་ཚུ་ནང་ཡང་ གཞི་བཙུགས་འབད་དེ་ཡོདཔ་དང་ མགྱོགས་པ་ར་ རྒྱལ་ཁབ་ནང་གི་ ས་སྣུམ་བཀྲམ་སྤེལ་ཁང་ག་རའི་ནང་ལུ་ མཐུན་རྐྱེན་འདི་ བཙུགས་ནི་ཨིན་མས།