གཟའ་ཟླ་བ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༢

སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ ཀྲོང་གསར་རབ་སྡེའི་བླམ་གནས་བརྟན་གསརཔ་ལུ་ བཀྲ་ཤིས་ལེགས་དར་གནང་ཡོདཔ།

སྤྱི་ཟླ་༡ པའི་ཚེས་ ༢༧ ༢༠༡༦

HH-TrongsaLamNeten༉ ཁ་ཙ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ ཀྲོང་གསར་རབ་སྡེའི་ བླམ་གནས་བརྟན་གསརཔ་ དཀོན་མཆོག་ཚེ་རིང་ལུ་ བཀྲ་ཤིས་ལེགས་དར་གནང་ཡི།

སྐྱེས་ལོ་༤༨་ལངས་མི་ བླམ་གནས་བརྟན་གསརཔ་ དཀོན་མཆོག་ཚེ་རིང་འདི་ དར་དཀར་ན་ལས་ཨིན་མས།HH-TrongsaLamNeten--

བླམ་གནས་བརྟན་སྦེ་ མ་བསྐོས་པའི་ཧེ་མ་ ཁོ་གིས་ བདེ་ཆེན་ཕོ་བྲང་ དགེ་འདུན་སློབ་གྲྭའི་ དབུ་འཛིན་སྦེ་ཕྱག་ཞུ་ནུག

བླམ་དཀོན་མཆོག་ཚེ་རིང་གིས་ སྤུངས་ཐིམ་གྲྭ་ཚང་གི་ གཞུང་སྦུག་གྲལཔ་ནང་འཛུལ་ཞུགས་འབད་བའི་ཤུལ་ལུ་ གར་ཐིག་དབྱངས་གསུམ་གྱི་ སློབ་སྦྱོང་ཚུ་མཐར་ཁྱོལ་ཡོདཔ་མ་ཚད་ རྟ་མགོ་ཆེ་མཐོ་རིག་པའི་བཤད་གྲྭའི་ རིག་གཞུང་གི་སློབ་སྦྱོང་ཚུ་ཡང་ སྦྱང་བརྩོན་འབད་ནུག

ད་རུང་ཁོ་གིས་ སྤྱི་གཞི་བསམ་གཏན་ཆོས་གླིང་ སྒྲུབ་སྡེ་ཆེན་མོའི་ སྒྲུབ་གྲྭ་ནང་ལུ་སྦེ་ རྡོ་རྗེ་སློབ་དཔོན་གྱི་ཞབས་ས་ལས་ དཔལ་ལྡན་འབྲུག་པའི་ལུགས་ཀྱི་ ཕྱག་ཆེན་ཆོས་དྲུག་གི་ གདམས་སྔགས་ཚུ་ ཉམས་ལེན་འབད་ཡོདཔ་ཨིན་མས།