གཟའ་པ་སངས། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༤

ས་གནས་གཞུང་གི་བཙག་འཐུ་གོ་རིམ་གཉིས་པ་འདི་ དུས་ཅི་ སྤྱི་ཟླ་༦་པའི་ནང་ལུ་ འགོ་འདྲེན་འཐབ་ནི་ཨིནམ།

སྤྱི་ཟླ་༡ པའི་ཚེས་ ༢༧ ༢༠༡༦

Second phase of LG elections to be held in June༉ ས་གནས་གཞུང་ཐེངས་གཉིས་པའི་དོན་ལུ་ བཙག་འཐུ་གོ་རིམ་གཉིས་པ་འདི་ དུས་ཅི་ སྤྱི་ཟླ་༦་པའི་ནང་ལུ་ འགོ་འདྲེན་འཐབ་ནི་ཨིན་མས།

བཙག་འཐུ་འདི་གི་སྐབས་ལུ་ རྒེད་འོག་༡༠་གི་ནང་ལུ་རྐྱངམ་ཅིག་མ་གཏོགས་ གཞན་མི་ག་རའི་ནང་ལུ་ བཙག་འཐུ་ཚུ་འགོ་འདྲེན་འཐབ་ནི་ཨིན་མས།

བཙག་འཐུ་ལྷན་འཛིན་སྤྱི་ཁྱབ་ ཆོས་རྒྱལ་ཟླ་སྒོ་རིག་འཛིན་གྱིས་སླབ་མི་ནང་ བཙག་འཐུ་གོ་རིམ་གཉིས་པའི་དོན་ལུ་ འདེམས་ངོ་སྦེ་ཐོན་ནི་གི་དངས་འདོད་ཡོད་མི་ཚུ་གིས་ ཁག་ཆེ་བའི་ཡིག་ཆ་ཚུ་ གྲ་སྒྲིག་འབད་གནང་ཟེར་ཨིན་མས།

ད་རུང་ བཙག་འཐུ་ལྷན་འཛིན་སྤྱི་ཁྱབ་ཀྱིས་སླབ་མི་ནང་ ས་གནས་གཞུང་གི་བཙག་འཐུའི་དོན་ལུ་ འབྲི་ལྷག་ཤེས་ཡོན་གྱི་བརྟག་དཔྱད་ཆོས་རྒྱུགས་འདི་ སྤྱི་ཟླ་༤་པའི་ནང་ལུ་ འགོ་འདྲེན་འཐབ་འོང་ཟེར་བཤད་ཅི།

དགེ་ལེགས་ཕུག་དང་ ཕུན་ཚོགས་གླིང་ཁྲོམ་སྡེ་ནང་ལུ་ ཚོགས་པ་གི་དོན་ལུ་ ས་སྟོང་ལུས་ཏེ་ཡོད་མི་འདེམས་ཁོངས་ཚུ་ནང་ལུ་ བཙག་འཐུ་འདི་ གོ་རིམ་གཉིས་པའི་ནང་ལུ་རང་ འགོ་འདྲེན་འཐབ་ནི་ཨིན་མས།

ད་རུང་ ས་གནས་གཞུང་གི་བཙག་འཐུ་གོ་རིམ་གཉིས་པའི་ནང་ལུ་ བཙག་འཐུ་ལྷན་ཚོགས་ཀྱིས་ ད་རེས་ བཙག་འཐུ་འགོ་འདྲེན་འཐབ་མ་ཚུགས་པར་ལུས་ཏེ་ཡོད་མི་ ཁྲོམ་སྡེ་༡༧་གི་ནང་ལུ་ཡང་ བཙག་འཐུ་འགོ་འདྲེན་འཐབ་ནི་གི་དོན་ལུ་ གྲ་སྒྲིག་ཚུ་ཚུད་དེ་སྦེ་འདུག

ཨིན་རུང་ ཁྲོམ་སྡེ་ལྷག་ལུས་ ག་རའི་ནང་ལུ་ བཙག་འཐུ་འདི་ ག་དེ་འབད་འགོ་འདྲེན་འཐབ་ཚུགས་ག་ སླབ་མི་ཤེས་དོ་ཡོདཔ་ཨིན་མས།

ས་གནས་གཞུང་ཐེངས་གཉིས་པའི་དོན་ལུ་ བཙག་འཐུ་གོ་རིམ་གསུམ་པ་འདི་ དུས་ཅི་ སྤྱི་ཟླ་༧་པའི་ནང་ལུ་ འགོ་འདྲེན་འཐབ་ནི་ཨིནམ་ད་ གོ་རིམ་འདི་གི་སྐབས་ལུ་ རྒེད་འོག་ལྔཔ་འདི་ནང་ལུ་ཡང་ འགོ་འདྲེན་འཐབ་ནི་སྦེ་འདུག

དེ་ལས་ བཙག་འཐུ་གོ་རིམ་བཞི་པ་འདི་ སྤྱི་ཟླ་༡༡་པའི་ནང་ལུ་ འགོ་འདྲེན་འཐབ་ནི་ཨིན་མས།

འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ དུས་ཅི་གི་ས་གནས་གཞུང་གི་བཙག་འཐུའི་དོན་ལུ་ མ་དངུལ་ ཡུདཔ་ཅིག་ས་ཡ་༢༧༥་དེ་ཅིག་ བགོ་བཀྲམ་འབད་དེ་སྦེ་འདུག