གཟའ་སྤེན་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༠

སློབ་རིམ་༡༢་པའི་ཆོས་རྒྱུགས་ཀྱི་གྲུབ་འབྲས་ གསལ་བསྒྲགས་འབད་དེ་ཡོདཔ།

སྤྱི་ཟླ་༡ པའི་ཚེས་ ༢༧ ༢༠༡༦

Class12Toppers-2016-Sci ༉ འབྲུག་གི་སློབ་གྲྭའི་ཆོས་རྒྱུགས་དང་བརྟག་ཞིབ་ཚོགས་སྡེ་གིས་ ཁ་ཙ་ སློབ་རིམ་༡༢་པའི་ཆོས་རྒྱུགས་ཀྱི་གྲུབ་འབྲས་ གསལ་བསྒྲགས་འབད་ཡི།

ཚན་རིག་གི་ནང་ལས་ ཨང་དང་པ་འདི་ བཀྲིས་སྒང་ རང་འབྱུང་འབྲིང་རིམ་སློབ་གྲྭ་གོང་མ་ནང་ལས་ བཀྲིས་དབང་ཕྱུག་གིས་ཐོན་ཡོདཔ་ད་ ཁོ་གིས་ སྐུགས་ཚད་བརྒྱ་ཆ་༨༨་དང་ཚག་༢༥་ཐོབ་ཏེ་འདུག

ཨང་གཉིས་པ་འདི་ སྤུ་ན་ཁ་ ཨྱོན་རིག་པའི་འབྱུང་གནས་སློབ་གྲྭ་ནང་ལས་ བཀྲིས་བསྟན་འཛིན་གྱིས་ཐོན་ཡོདཔ་ད་ ཁོ་གིས་ སྐུགས་ཚད་བརྒྱ་ཆ་༨༧དང་ཚག་༧༥་ཐོབ་ནུག

ཚན་རིག་གི་ནང་ལུ་ ཨང་གསུམ་པ་འདི་ ཨྱོན་རིག་པའི་འབྱུང་གནས་སློབ་གྲྭ་ནང་ལས་ འཇིགས་མེད་ཤེས་རབ་དང་ ཆུ་ཁ་འབྲིང་རིམ་སློབ་གྲྭ་གོང་མ་ནང་ལས་ ཨ་ཤིག་རའི་གཉིས་ཀྱིས་ཐོན་ཡོདཔ་ད་ ཁོང་གཉིས་ཀྱིས་ སྐུགས་ཚད་བརྒྱ་ཆ་༨༧་དང་ཚག་༢༥་ཐོབ་སྟེ་སྦེ་འདུགClass12Toppers-2016-Commerce

དེ་ལས་ ཚོང་རིག་གི་ནང་ལས་ ཨང་དང་པ་འདི་ མོང་སྒར་འབྲིང་རིམ་སློབ་གྲྭ་གོང་མ་ནང་ལས་ ཚུལ་ཁྲིམས་དབྱངས་སྒྲོན་གྱིས་ སྐུགས་ཚད་ བརྒྱ་ཆ་༨༦་དང་ཚག་༢༥་ཐོབ་ནུག

ཨང་གཉིས་པ་འདི་ ཧཱ་ འཇམ་དཔལ་འབྲིང་རིམ་སློབ་གྲྭ་ནང་ལས་ དོན་གྲུབ་དབང་མོ་གིས་ སྐུགས་ཚད་བརྒྱ་ཆ་༨༤་དང་ཚག་༧༥་ཐོབ་ནུག

ཚོང་རིག་གི་ནང་ལུ་ ཨང་གསུམ་པ་འདི་ དར་དཀར་འབྲིང་རིམ་སློབ་གྲྭ་གོང་མ་ནང་ལས་ ཀརྨ་རྡོ་རྗེ་གིས་ཐོན་ཡོདཔ་ད་ ཁོ་གིས་ སྐུ་ཚད་བརྒྱ་ཆ་༨༡་དང་ཚག་༧༥་ཐོབ་སྟེ་སྦེ་འདུགClass12Toppers-2016-Arts

འདི་བཟུམ་སྦེ་ ནང་རིག་གི་ནང་ལུ་ ཨང་དང་པ་འདི་ སྤུ་ན་ཁ་རིག་པའི་འབྱུང་གནས་སློབ་གྲྭ་ནང་ལས་ ཡེ་ཤེས་ལྷམ་གིས་ཐོན་ཡོདཔ་ད་ མོ་གིས་ སྐུགས་ཚད་བརྒྱ་ཆ་༨༣་དང་ཚག་༢༥་ཐོབ་སྟེ་འདུག

ཨང་གཉིས་པ་འདི་ རྩི་རང་ འབྲམ་ཕུག་འབྲིང་རིམ་སློབ་གྲྭ་གོང་མ་ནང་ལས་ སངྱས་བསྟན་འཛིན་གྱིས་ སྐུགས་ཚད་བརྒྱ་ཆ་༨༠་དང་ཚག་༢༥་ཐོབ་སྟེ་ཐོན་ནུག

ནང་རིག་གི་ནང་ལུ་ ཨང་གསུམ་པ་འདི་ བྲམ་ཕུག་འབྲིང་རིམ་སློབ་གྲྭ་གོང་མ་ནང་ལས་ བསོད་ནམས་དཔལ་འཛོམས་དང་ མོང་སྒར་འབྲིང་རིམ་སློབ་གྲྭ་གོང་མ་ནང་ལས་ ཀུན་བཟང་རྡོ་རྗེ་གིས་ཐོན་ནུག

ཁོང་གཉིས་ཀྱིས་ སྐུག་ཚད་བརྒྱ་ཆ་༧༩་དང་ཚག་༥༠་ཐོབ་སྟེ་སྦེ་འདུག

དེ་ལས་ སྐད་ཡིག་དང་ལམ་སྲོལ་གྱི་དབྱེ་ཁག་ནང་ལུ་ ཨང་དང་པ་འདི་ ཀྲོང་གསར་ སྟག་རྩེ་འབྲིང་རིམ་སློབ་གྲྭ་གོང་མ་ནང་ལས་ བཀྲིས་རྡོ་རྗེ་གིས་ སྐུགས་ཚད་བརྒྱ་ཆ་༧༧དང་ཚག་༥༧་ཐོབ་སྟེ་ཐོན་ནུག

འབྲུག་གི་སློབ་གྲྭའི་ཆོས་རྒྱུགས་དང་བརྟག་ཞིབ་ཚོགས་སྡེ་དང་འཁྲིལ་བ་ཅིན་ དུས་ཅི་ སྤྱིར་བཏང་མཐར་འཁྱོལ་མི་གི་གནས་ཚད་འདི་ བརྒྱ་ཆ་༨༨་ཚག་༩༩་འབདཝ་ལས་ སྤྱི་ལོ་༢༠༡༤་དང་ཕྱདཔ་ད་ དུམ་གྲ་ཅིག་ མར་ཕབ་འགྱོ་སྟེ་ཡོདཔ་སྦེ་ཨིན་མས།

སྤྱི་ལོ་༢༠༡༥་ལུ་ སློབ་རིམ་༡༢་པའི་ཆོས་རྒྱུགས་འདི་ རྒྱལ་ཁབ་ནང་འཁོད་ལས་ འབྲིང་རིམ་སློབ་གྲྭ་གོང་མ་༥༢་གི་ནང་ལས་ སློབ་ཕྲུག་སྟོང་ཕྲག་༡༠་མ་ལངམ་ཅིག་གིས་ ཆོས་རྒྱུགས་ཕུལ་ནུག