གཟའ་ཟླ་བ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༢

བསམ་རྩེ་རྫོང་ཁག་སྨན་ཁང་ནང་ལུ་ གུ་རམ་གྱི་ནད་གཞི་ཐོབ་མི་འདི་ ཕོ་རྒས་བས་ཨམ་སྲུ་ མང་དོ་ཡོདཔ།

སྤྱི་ཟླ་༡༢ པའི་ཚེས་ ༣༡ ༢༠༡༥

WOMEN AND DIABETES-Samtse-༉ བསམ་རྩེ་རྫོང་ཁག་སྨན་ཁང་ནང་ལུ་ ད་རེས་ གུ་རམ་གྱི་ནད་གཞི་ཐོབ་མི་འདི་ ཕོ་རྒས་བ་ཨམ་སྲུ་ མང་དོ་ཡོདཔ་ཨིན་མས།

འདི་ཡང་ སྨན་ཁང་འདི་གི་ཐོ་བཀོད་དང་འཁྲིལ་བ་ཅིན་ བསམ་རྩེ་ལུ་ ད་རེས་ གུ་རམ་གྱི་ནད་གཞི་ཐོབ་མི་འདི་༣༦༠་ལྷགཔ་ཅིག་ཡོད་རུང་ ནདཔ་༢༠༠་ལྷགཔ་ཅིག་འདི་ སྐྱེས་ལོ་༥༠་ཡན་ཆད་འབད་མི་ ཨམ་སྲུ་ཚུ་ཨིནམ་སྦེ་བཀོད་དེ་སྦེ་འདུག

གུ་རམ་གྱི་ནད་གཞི་འདི་ཡང་ བཞེས་སྒོ་བཅུད་ཅན་བཟའ་བཞིན་ན་ ལུས་སྦྱོང་མ་འབད་མི་དང་ ཉམས་ཚད་ལས་བརྒལ་བཏགས་མི་ཚུ་ལས་བརྟེན་ཐོབ་དོ་ཡོདཔ་སྦེ་ཨིན་མས།

སྐྱེས་ལོ་༦༡་ལང་མི་ ད་མཱན་ཏི་ཏིམ་སི་ན་འདི་ གུ་རམ་གྱི་ནད་གཞི་ཐོབ་སྟེ་ལོ་གཉིས་འགྱོ་སྟེ་ཡོད་རུང་ མོ་གིས་སླབ་མི་ནང་ ནད་གཞི་འདི་ལུ་དྲག་ཐབས་ཅིག་མེད་རུང་ བཞེས་སྒོ་ཚུ་ཁ་སྲུང་འབད་དེ་བཟའ་ནི་འདི་ ཁག་ཆེཝ་སྦེ་རང་འགྱོ་སྟེ་ཡོད་ཟེར་བཤད་ཅི།

ད་རུང་ ནདཔ་ཚུ་གིས་སླབ་མི་ནང་ གུ་རམ་གྱི་ནད་གཞི་འདི་ བཟོ་སྦྱོར་འབད་དེ་ཡོད་པའི་ཟས་བཟའ་མི་ལས་བརྟེན་ཏེ་ཡང་ ཐོབ་དོ་ཡོདཔ་སྦེ་བཤད་ཅི།

བསམ་རྩེ་གི་གསོ་བའི་འགོ་དཔོན་ཚུ་གིས་རང་འབད་རུང་ བསམ་རྩེ་ལུ་ གུ་རམ་གྱི་ནད་གཞི་ཐོབ་མི་འདི་ ཡར་སེང་སོང་སྟེ་ཡོདཔ་སྦེ་བཤད་ཅི།

ད་རུང་ རྫོང་ཁག་སྨན་ཁང་གི་ཐོ་ནང་ལུ་ སྒོམ་ཀྲུ་དང་བཀྲིས་ཆོས་གླིང་སྨན་ཁང་ནང་ལུ་ གུ་རམ་གྱི་ནད་གཞི་ཐོབ་སྟེ་ཡོད་མི་གི་ནདཔ་ཚུ་ ཚུད་དེ་མེདཔ་ཨིན་མས།