གཟའ་པ་སངས། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༩

པཱན་སྦང་ལུ་ ས་སྣུམ་བཀྲམ་སྤེལ་ཁང་ཅིག་ འཐོབ་ནི་ཨིནམ།

སྤྱི་ཟླ་༡༢ པའི་ཚེས་ ༣༡ ༢༠༡༥

FuelDepot-Panbang- ༉ གཞལམ་སྒང་རྫོང་ཁག་ པཱན་སྦང་ལུ་སྡོད་མི་ཚུ་གི་དོན་ལས་ མགྱོགས་པ་ར་ ས་སྣུམ་བཀྲམ་སྤེལ་ཁང་ཅིག་ འཐོབ་ནི་ཨིན་མས།

འདི་ཡང་ བསྟན་རྒྱས་བློན་པོ་ནོར་བུ་དབང་ཕྱུག་གིས་ ས་གནས་འདི་ནང་གི་མི་སེར་ཚུ་ལུ་ ས་སྣུམ་བཀྲམ་སྤེལ་ཁང་ བཟོ་བསྐྲུན་འབད་ནི་གི་དོན་ལས་ ས་སྒོ་ཅིག་ངོས་འཛིན་འབད་དགོཔ་སྦེ་ གསུང་མི་ལས་བརྟེན་ཏེ་ཨིན་མས།Panbang-to-get-FuelDepot-Soon- MoEA Minister

པཱན་སྦང་གི་མི་ཚུ་གིས་སླབ་མི་ནང་ ས་གནས་འདི་ནང་ ས་སྣུམ་བཀྲམ་སྤེལ་ཁང་ཅིག་མེད་མི་ལས་བརྟེན་ ཁྲིམས་འགལ་གྱི་ཐོག་ལས་ ས་སྣུམ་ཚོང་འབྲེལ་འཐབ་མི་ཚུ་ལས་ཉོ་བའི་སྐབས་ལུ་ གོང་ཚད་ཐེབས་སྦེ་ར་གནསཔ་མ་ཚད་ མར་ཁུ་ཡང་སླ་བསྲེ་བརྐྱབ་སྟེ་འོངམ་མས་ཟེར་ཨིན་མས།

མི་ཚུ་གིས་ པཱན་སྦང་ལུ་ ས་སྣུམ་བཀྲམ་སྤེལ་ཁང་ཅིག་དགོ་པའི་སྐོར་ལས་ བློན་ཆེན་ཚེ་རིང་སྟོབས་རྒྱས་བྱོན་པའི་སྐབས་ལུ་ཡང་ ཞུ་བ་ཕུལ་ནུག

འདི་ཡང་ རྫོང་ཁག་འདི་ནང་ལུ་ ཡན་ལག་ཁྲོམ་སྡེའི་ས་སྒོ་འདི་ སྤན་བང་ལུ་ངོས་འཛིན་འབད་དེ་ཡོདཔ་ལས་ ས་སྣུམ་བཀྲམ་སྤེལ་ཁང་ཅིག་ དགོཔ་ཁག་ཆེ་བས་ཟེར་ཨིན་མས།

བློན་ཆེན་དང་གཅིག་ཁར་ ཕྱག་ཞུ་སྟེ་ཡོད་མི་ བསྟན་རྒྱས་བློན་པོ་གིས་གསུང་མི་ནང་ ས་གནས་འདི་ནང་ལུ་ སྣུམ་འཁོར་གྱི་གྱངས་ཁ་འདི་ ཡར་སེང་འགྱོ་དོ་ཡོད་མི་དང་འབྲེལ་ ས་སྣུམ་བཀྲམ་སྤེལ་ཁང་ཅིག་ ངེས་པར་དུ་ དགོཔ་འདུག་ཟེར་ཨིན་མས།

འདི་མ་ཚད་ ས་གནས་འདི་ནང་གི་མི་སེར་ཚུ་གིས་སླབ་མི་ནང་ མེ་རླུང་རྒྱ་རྫི་སོར་སའི་ས་སྒོ་མེད་པའི་ དཀའ་ངལ་ཡང་འཐོན་མས་ཟེར་ཨིན་མས།

མེ་རླུང་རྒྱ་རྫི་སོར་ནི་གི་དོན་ལས་ ལཱ་ཁག་སྦེ་ དགེ་ལེགས་ཕུག་དང་ངང་ལམ་ལུ་ འགྱོ་དགོཔ་འཐོན་དོ་ཡོདཔ་ཨིན་མས།

འདི་བཟུམ་སྦེ་ པཱན་སྦང་ལུ་ ཕྱི་ལས་བལྟ་བཤལཔ་ཡང་ མང་སུ་མང་སུ་འོང་དོ་ཡོད་མི་དང་འབྲེལ་ཏེ་ འདི་བཟུམ་གྱི་མཐུན་རྐྱེན་འདི་ བཙུགས་པ་ཅིན་ ཕན་ཐོག་སྦོམ་བྱུང་ནི་ཨིན་མས།