གཟའ་པ་སངས། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༤

སྤ་རོ་ལུ་ སྣུམ་འཁོར་བཅོ་ཁང་ཅིག་ མེ་གིས་འཚིགས་ཏེ་ཡོདཔ།

སྤྱི་ཟླ་༡༢ པའི་ཚེས་ ༣༡ ༢༠༡༥

Fire destroys automobile workshop-༉ སྤ་རོ་ཁྲོམ་ཁ་ལུ་ ཁ་ཙ་དྲོ་པ་ སྣུམ་འཁོར་བཅོ་ཁང་གཅིག་ མེ་གིས་ འཚིགས་ཏེ་སྦེ་འདུག

འདི་འབདཝ་ལས་ མེ་རྐྱེན་འདི་གིས་ སྣུམ་འཁོར་བཅོ་ཁང་འདི་ནང་ལུ་ཡོད་པའི་ཅ་ལ་དང་ སྣུམ་འཁོར་༡༠་འཚིགས་ཏེ་ཡོདཔ་ཨིན་མས།

ད་རུང་ མེ་རྐྱེན་འདི་གིས་ སྣུམ་འཁོར་གཞན་མི་༡༠་ལུ་ཡང་ གནོད་སྐྱོན་དུམ་གྲ་རེ་རྐྱབ་སྟེ་ཡོདཔ་ཨིན་རུང་ མེ་བསད་སྡེ་ཚན་གྱིས་ སྣུམ་འཁོར་གཞན་མི་༩་འདི་ གནོད་སྐྱོན་འབྱུང་ནི་ལས་ བཀག་ཐབས་འབད་ཚུགས་ནུག

མེ་རྐྱེན་འདི་ཡང་ དྲོ་པ་ཆུ་ཚོད་༣་མ་བརྡུངམ་ཅིག་ཁར་འབྱུང་ཡོད་པའི་དོགས་པ་ཡོདཔ་ད་ འདི་ཡང་ གློག་མེ་ལས་བརྟེན་ཏེ་འབྱུང་ཡོད་པའི་དོགས་པ་འདུགFire destroys automobile workshop

མེ་རྐྱེན་འདི་ དུས་ཡུན་ཆུ་ཚོད་༢་དེ་ཅིག་ཁར་བསད་ཚུགས་ཡོདཔ་ལས་ ཉེ་འདབས་ཀྱི་ཁྱིམ་ཚུ་ནང་འཕྱེལ་འགྱོ་ནི་ལས་ བཀག་ཚུགས་ནུག

ཨིན་རུང་ མེ་རྐྱེན་འདི་ནང་ལུ་ མིའི་ཚེ་སྲོག་ལུ་ཉེན་ཁག་འབྱུང་ཡོད་པའི་སྙན་ཞུ་འདི་ ད་ལྟོ་ཚུན་ ག་ནི་ཡང་མེདཔ་ཨིན།

ཉམས་རྒུད་འབྱུང་མི་སྣུམ་འཁོར་བཅོ་ཁང་གི་ཇོ་བདག་འདི་ལུ་ རྒྱལ་པོའི་སྐྱིད་སྡུག་ཡིག་ཚང་གིས་ མ་དངུལ་དང་མཁོ་ཆེ་བའི་ཅ་ཆས་ཀྱི་གྲོགས་རམ་ཚུ་གནང་ནུག