གཟའ་མིག་དམར། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༣

ཤར་ཕྱོགས་དང་ནུབ་ཕྱོགས་རྫོང་ཁག་ནང་ལུ་ སེརཝ་དང་རླུང་འཚུབས་ལས་བརྟེན་ཏེ་ ལོ་ཐོག་ལུ་གནོད་སྐྱོན་རྐྱབ་སྟེ་ཡོད་པའི་མི་སེར་ཚུ་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྐྱིད་སྡུག་སྦེ་ དངུལ་ཀྲམ་བསྡོམས་ ས་ཡ་ཕྱེད་ད་༡༨་ལྷགཔ་ཅིག་གནང་ཡོདཔ།

སྤྱི་ཟླ་༡༡ པའི་ཚེས་ ༢༦ ༢༠༡༥

Affected farmers granted Royal kidu--༉ མོང་སྒར་ལུ་ཡོད་མི་རྒྱལ་ཚབ་ཡིག་ཚང་དང་ ཤར་ཕྱོགས་རྫོང་ཁག་བདག་སྐྱོང་ཚུ་གིས་ འདས་པའི་ཟླཝ་ནང་ལུ་ སེརཝ་དང་རླུང་འཚུབས་ལས་བརྟེན་ཏེ་ ལོ་ཐོག་ཚུ་གནོད་རྐྱེན་རྐྱབ་ཡོད་པའི་མི་སེར་ཚུ་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་གནང་མི་སྐྱིད་སྡུག་འདི་ མི་སེར་ཚུ་ལུ་རྩིས་སྤྲོད་གནང་ཡི།

བཀྲིས་སྒང་རྫོང་ཁག་ནང་ལུ་བཟུམ་ཅིག་འབད་བ་ཅིན་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་གནང་མི་སྐྱིད་སྡུག་འདི་ ཁ་ཙ་ མི་སེར་ཚུ་ལུ་སྤྲོད་གནང་ཡི།Affected farmers granted Royal kidu-

དུས་ཅི་ སྤྱི་ཟླ་༡༠་པའི་སྤྱི་ཚེས་༡༣་གི་ཚེས་ སེརཝ་དང་རླུང་འཚུབས་འཕུ་མི་ལས་བརྟེན་ བཀྲིས་སྒང་རྫོང་ཁག་ བི་གདུང་དང་ཕོངས་མེད་རྒེད་འོག་གཉིས་ཀྱི་ནང་ལུ་རང་ བྱ་ཞིང་ཨེ་ཀར་༦༤་དེ་ཅིག་ལུ་ གནོད་རྐྱེན་རྐྱབ་སྟེ་ཡོདཔ་ཨིན།

སེརཝ་དང་རླུང་འཚུབས་ལས་བརྟེན་ཏེ་ ཤར་ཕྱོགས་རྫོང་ཁག་བཞི་གི་ ཁྱིམ་གུང་པ་སྟོང་ཕྲག་ལས་བཅད་མི་ཚུ་གི་ གེ་ཛ་དང་བྱ་ཞིང་ཨེ་ཀར་༨༣༠་དེ་ཅིག་ མེདཔ་བཏང་སྟེ་ཡོདཔ་ཨིན།

འདི་བཟུམ་སྦེ་ ནུབ་ཕྱོགས་རྫོང་ཁག་ནང་ལུ་འབད་བ་ཅིན་ དབང་འདུས་ཕོ་བྲང་དང་ སྤུ་ན་ཁ་རྫོང་ཁག་གཉིས་ཀྱི་ནང་ལུ་ གནོད་རྐྱེན་རྐྱབ་ཅི།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཉམས་རྒུད་བྱུང་ཡོད་པའི་མི་སེར་ཚུ་ལུ་ སྐྱིད་སྡུག་སྦེ་ དངུལ་ཀྲམ་བསྡོམས་ ས་ཡ་ཕྱེད་ད་༡༨་ལྷགཔ་ཅིག་གནང་ཡི།