གཟའ་པ་སངས། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༩

མི་དབང་རྒྱལ་བཙུན་མཆོག་གིས་ དམང་གཙོའི་ཁང་བཟང་འགོ་འབྱེད་གནང་ས་ལུ་ དབུ་བཞུགས་མཛད་གནང་ཡོདཔ།

སྤྱི་ཟླ་༡༡ པའི་ཚེས་ ༢༦ ༢༠༡༥

Her Majesty Graces Inauguration of Democracy House ༉ མི་དབང་རྒྱལ་བཙུན་མཆོག་གིས་ ཁ་ཙ་ རྒྱལ་ས་ལུ་སྦེ་ དམངས་གཙོའི་ཁང་བཟང་ འགོ་འབྱེད་གནང་ས་ལུ་ དབུ་ཞུགས་མཛད་གནང་ཡི།

Her Majesty Graces Inauguration of Democracy House--དམངས་གཙོའི་ཁང་བཟང་ཟེར་ བཙག་འཐུ་ལྷན་ཚོགས་ཀྱི་ ཡིག་ཚང་ལྟེ་བ་འདི་ཡང་ བཙག་འཐུ་འགོ་འདྲེན་འཐབ་ནི་ནང་ལུ་ འཇོན་ཐངས་དང་ནུས་པ་ ཡར་དྲག་བཏང་ནི་དང་ མི་དམངས་གི་ཞབས་ཏོག་རྒྱ་བསྐྱེད་ དེ་ལས་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱི་ གཙུག་སྡེའི་ནུས་པ་ ངེས་གཏན་བཟོ་ནིའི་དོན་ལུ་ཨིན་མས།

ཡིག་ཚང་གི་སྒྲིང་ཁྱིམ་འདི་ནང་ལུ་ མི་༡༠༠་ལྷགཔ་ཅིག་ ཤོང་ཚུགས་ནི་ཨིན་མས།

ནཱ་ཧིང་ སྤྱི་ཟླ་༢་པའི་ནང་ལས་ བཟོ་བསྐྲུན་འབད་ནི་འགོ་བཙུགས་ཡོད་མི་ སྒྲིང་ཁྱིམ་འདི་གི་དོན་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༡༤༠་ལྷགཔ་ཅིག་ གནས་ཡོདཔ་ད་ རྒྱ་གར་གཞུང་གི་ཁ་ཐུག་ལས་ དངུལ་ཀྲམ་ས་ཡ་༡༣༢་དེ་ཅིག་གནང་ནུག