གཟའ་སྤེན་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༠

པདྨ་དགའ་འཚལ་དང་སྤ་རོ་རྫོང་ཁག་གཉིས་ཀྱི་ ཡན་ལག་ཁྲོམ་སྡེའི་སྐོར་ལས་ ལོག་སྟེ་རང་གསུང་གྲོས་གནང་དོ་ཡོདཔ།

སྤྱི་ཟླ་༡༡ པའི་ཚེས་ ༢༥ ༢༠༡༥

Joint sitting to re-deliberate thromdes of Pema Gatshel and Paro༉ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་བཀའ་རྒྱ་གནངམ་བཞིན་དུ་ སྤྱི་ཚོགས་ལྷན་བཞུགས་ནང་ལུ་ པདྨ་དགའ་ཚལ་རྫོང་ཁག་ཁྲོམ་སྡེ་དང་ ཡན་ལག་ཁྲོམ་སྡེ་ དེ་ལས་ སྤ་རོ་གི་ཡན་ལག་ཁྲོམ་སྡེ་གི་སྐོར་ལས་ ལོག་སྟེ་རང་ གསུང་གྲོས་གནང་ནི་ཨིན་མས།

འདི་ཡང་ སྤྱི་ཚོགས་ཀྱིས་ པདྨ་དགའ་ཚལ་རྫོང་ཁག་གི་དོན་ལུ་ རྫོང་ཁག་ཁྲོམ་སྡེ་དང་ཡན་ལག་ཁྲོམ་སྡེ་ དང་ སྤ་རོ་གི་ཡན་ལག་ཁྲོམ་སྡེ་ཚུ་ གསལ་བསྒྲགས་འབད་མ་ཚུགས་པར་ལུས་ཏེ་ཡོད་ མི་ལས་བརྟེན་ཏེ་ཨིན་མས།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་གནང་མི་བཀའ་ཤོག་འདི་ཡང་ ཁ་ཉིནམ་ སྤྱི་ཚོགས་ནང་ལུ་ ལྷག་སྟེ་ཡོདཔ་ཨིན།

ཁྲོམ་སྡེ་འདི་ཚུ་གི་སྐོར་ལས་ སྤྱི་ཚོགས་ལྷན་བཞུགས་ནང་ལུ་གསུང་གྲོས་འདི་ཡང་ ཤུལ་མའི་ཉིནམ་གཉིས་ཀྱི་རིང་གནང་ནི་སྦེ་འདུག