གཟའ་མིག་དམར། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༣

རི་དྭགས་སེམས་ཅན་ཚུ་གིས་ ལོ་ཐོག་ལུ་ གནོདཔ་བཀལ་དོ་ཡོདཔ།

སྤྱི་ཟླ་༡༠ པའི་ཚེས་ ༣༠ ༢༠༡༥

Wild-animals-damage-crops-in-Tsirang༉ རྩི་རང་རྫོང་ཁག་ མཚོ་གླིང་མཁར་རྒེད་འོག་ གྲུབ་ཆུ་སྒང་སྤྱི་འོག་ནང་ལུ་ དུས་ཅི་ བྱཱ་གི་ཐོན་ཤུགས་ལེགས་ཤོམ་འཐོན་པའི་རེ་བ་བསྐྱེད་དོ་ཡོད་རུང་ སྤྱ་ཚུ་གིས་ ལོ་ཐོག་ལུ་ གནོདཔ་སྐྱེལ་དོ་ཡོདཔ་ལས་ མི་སེར་ཚུ་ དབུག་གམ་སྟེ་འདུག

མི་སེར་ཚུ་གིས་སླབ་མི་ནང་ སྤྱ་གིས་ རེད་ཚུ་བཟའ་དོ་ཡོདཔ་མ་ཚད་ ཞིང་ནང་ལུ་འཛུལ་བཞིན་ན་ ལེ་ཤཱ་ཅིག་རང་མེདཔ་བཏང་སྟེ་ བསྡུ་རང་མ་བཏུབ་སྦེ་བཟོཝ་མས་ཟེར་བཤད་ཅི།

ད་རུང་ ཁོང་གིས་སླབ་མི་ནང་ སྤྱ་ཚུ་ལས་ ལོ་ཐོག་འདི་ངོ་མ་རང་ ཉིན་མ་སྲུང་དགོཔ་ཐོན་དོ་ཡོདཔ་ལས་ ཞིང་ནང་ལུ་ ལོ་ཐོག་སྲུང་སྡོད་ནི་ལས་བརྒལ་ ལཱ་གཞན་ག་ནི་ཡང་ འབད་མི་ཚུགས་པས་ཟེར་ཨིན་མས།

གཡུས་ཁའི་མི་ཚུ་གིས་སླབ་མི་ནང་ ཚལ་ལུ་འཚོ་བའི་དུས་ཚོད་ནང་ལུ་ཡང་ སྤྱ་གིས་ གནོདཔ་སྦོམ་སྦེ་རང་ བསྐྱེལ་ནི་ཡོད་ཟེར་བཤད་ཅི།

འདི་འབདཝ་ལས་ འབྲེལ་ཡོད་དབང་འཛིན་ཚུ་གིས་ ཐབས་ལམ་ཅིག་བཏོན་མ་གནང་ཚུན་ དཀའ་ངལ་འདི་ སེལ་མི་ཚུགས་ནི་མས་ཟེར་ཨིན་མས།

གྲུབ་ཆུ་སྒང་སྤྱི་འོག་ནང་ལུ་ རི་དྭགས་སེམས་ཅན་གྱི་གནོད་སྐྱོན་ལས་བརྟེན་ཏེ་ མི་སེར་ལ་ལུ་ཅིག་གིས་ ཨ་རིང་ཚུ་ཡང་ བཟའ་སྤྱོད་མ་འབད་བར་བཞག་སྟེ་ཡོདཔ་ཨིན་མས།