གཟའ་ལྷག་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༤

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བདེ་སྲུང་གི་སྦྱོང་བརྡར་ཤོ་ཐེངས་༡༧་པ་ མཇུག་བསྡུ་སྟེ་ཡོད་མི་ཚུ་ལུ་ མཇལ་ཕྲད་གནང་ཡོདཔ།

སྤྱི་ཟླ་༡༠ པའི་ཚེས་ ༢༩ ༢༠༡༥

HM Grants Audience to 17th Batch DeSuups ༉ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཁ་ཙ་ ཐིམ་ཕུག་ ལུང་བསྟན་ཕུག་ལུ་སྦེ་ བདེ་སྲུང་གི་སྦྱོང་བརྡར་ཤོ་ཐེངས་༡༧་པ་ མཇུག་བསྡུ་སྟེ་ཡོད་མི་ཚུ་ལུ་ མཇལ་ཕྲད་གནང་ཡི།

སྦྱོང་བརྡར་འདི་ནང་ལུ་ མི་གྲངས་༡༢༥་གིས་ གྲལ་ཁར་གཏོགས་ཡོདཔ་ད་ ཁོང་ཆ་ཁྱབ་ཡང་ མདོ་ཆེན་དང་དྲང་དཔོན་ སྤྱི་ཚོགས་ཀྱི་འཐུས་མི་དང་ བཀོད་ཁྱབ་གཙོ་འཛིན་ཚུ་ཨིན་མས།

དབང་འདུས་ཕོ་བྲང་ བསྟན་སྐྱོང་གླིང་ དམག་སྦྱོང་ལྟེ་བའི་ནང་ལུ་སྦེ་ འགོ་འདྲེན་འཐབ་མི་ སྦྱོང་བརྡར་འདི་ འཕྲལ་ཁམས་ཅིག་ཁར་ མཇུག་བསྡུ་ཡོདཔ་ཨིན།

ད་རེས་ རྒྱལ་ཁབ་ནང་ལུ་ བདེ་སྲུངཔ་ སྟོང་ཕྲག་༢་ལྷགཔ་ཅིག་ཡོདཔ་ཨིན།

བདེ་སྲུང་གི་སྦྱོང་བརྡར་འདི་ཡང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ བཀའ་རྒྱ་དང་འཁྲིལ་ སྤྱི་ལོ་༢༠༡༡་ལུ་ གཞི་བཙུགས་འབད་ཡོདཔ་ཨིན།