གཟའ་སྤེན་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༠

རི་མཁས་སྤྱི་འོག་གིས་ མགྱོགས་པ་རང་ གློག་མེ་གི་ར་བ་ཐོབ་ནི་སྦེ་ཡོདཔ།

སྤྱི་ཟླ་༡༠ པའི་ཚེས་ ༢༩ ༢༠༡༥

ElectricFence-RekheyVillage--༉ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ བདེ་བ་ཐང་རྒེད་འོག་གི་མི་སེར་ཚུ་གིས་ ད་ལས་ཕར་ རི་དྭགས་གླངམ་ཆེ་གིས་ ལོ་ཐོག་ལུ་གནོད་སྐྱོན་རྐྱབ་པའི་ཚ་གྱངས་འདི་ ལང་མི་དགོ་ནི་ཨིན་མས།

PM-ElectricFence-RekheyVillageའདི་ཡང་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ ཕྲལ་ཁམས་ཅིག་ཁར་ བདེ་བ་ཐང་གི་མི་སེར་ཚུ་དང་ཕྱད་གནང་པའི་སྐབས་ རྒེད་འོག་འདི་ནང་ལུ་ གློག་མེ་གི་ར་བ་འདི་ དུས་ཅི་གི་ལོ་ནང་འཁོད་རང་ གནང་ནི་སྦེ་གསུང་མི་ལས་བརྟེན་ཏེ་ཨིན།

བདེ་བ་ཐང་རྒེད་འོག་ནང་ལུ་ ད་རེས་ གློག་མེ་གི་ར་བ་འདི་ཡང་ རི་མཁས་སྤྱི་འོག་ནང་ལུ་ འགོར་ནང་ཨིན་མས།

འདི་ཡང་ བདེ་བ་ཐང་རྒེད་འོག་ནང་ལུ་ སྤྱི་འོག་༦་ཡོད་ས་ལས་ རི་མཁས་སྤྱི་འོག་འདི་ རི་དྭགས་སེམས་ཅན་གྱིས་ གནོད་སྐྱོན་སྦོམ་སྦེ་རང་རྐྱབ་དོ་ཡོད་པའི་ སྤྱི་འོག་ཅིག་འབད་ནི་འདི་གིས་ཨིན་མས།

རྒེད་འོག་འདི་གི་དོན་ལུ་ གློག་མེ་གི་ར་བ་འགོར་ནི་གི་དོན་ལས་ ཅ་ཆས་ཚུ་གཞུང་གིས་གནང་ནི་ཨིན་རུང་ སྦུང་འགུལ་གྱི་ལཱ་འདི་ མི་སེར་ཁོང་ར་ཆ་ཁྱབ་ཀྱིས་རང་ འབད་དགོ་ནི་ཨིན་མས།

མི་སེར་ཚུ་གིས་སླབ་མི་ནང་ ཞིང་ལཱ་འབད་ནི་ལུ་ ག་ད་ཅིག་རང་བརྩོན་ཤུགས་སྐྱེད་རུང་ ན་ཐེ་རང་བསྡུ་རན་པའི་བསྒང་ལས་ རི་དྭགས་སེམས་གྱིས་མེདཔ་བཏང་དོ་ཡོདཔ་ལས་ སེམས་ཕམ་སྦོམ་སྦེ་རང་འབྱུང་སྟེ་ཡོད་ཟེར་བཤད་ཅི།

ཨིན་རུང་ གློག་མེ་གི་ར་བ་འདི་ཐོབ་པའི་བསྒང་ལས་ འདི་བཟུམ་གྱི་དཀའ་ངལ་འདི་ སེལ་ཚུགས་པའི་རེ་བ་བསྐྱེད་དེ་སྦེ་འདུག

རི་མཁས་སྤྱི་འོག་ནང་ལུ་ བྱ་ཞིང་ཨེ་ཀར་བརྒྱ་ལྷགཔ་ཅིག་ཡོདཔ་ཨིན་མས།