གཟའ་ལྷག་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༧

ངན་ལྷད་བཀག་སྡོམ་ལྷན་ཚོགས་ནང་ལུ་ དུས་ཅི་ སྤྱི་ཟླ་༧་པ་ལས་༩་པ་ཚུན་ཚོད་ ངན་ལྷད་ཀྱི་ཉོགས་བཤད་བཀོད་མི་གི་གྱངས་ཁ་འདི་ ལེ་ཤཱ་གིས་ མར་ཕབ་འགྱོ་སྟེ་ཡོདཔ།

སྤྱི་ཟླ་༡༠ པའི་ཚེས་ ༢༩ ༢༠༡༥

ACC-1༉ ངན་ལྷད་བཀག་སྡོམ་ལྷན་ཚོགས་ནང་ལུ་ དུས་ཅི་ སྤྱི་ཟླ་༤་པ་ལས་༦་ཚུན་དང་ཕྱེདཔ་ད་ སྤྱི་ཟླ་༧་པ་ལས་༩་པ་ཚུན་ཚོད་ ངན་ལྷད་ཀྱི་ཉོགས་བཤད་བཀོད་མི་གི་གྱངས་ཁ་འདི་ ལེ་ཤཱ་གི་མར་ཕབ་འགྱོ་སྟེ་ཡོདཔ་སྦེ་ཨིན་མས།

དེ་ཡང་ སྤྱི་ཟླ་༤་པ་ལས་༦་པ་ཚུན་ ཉོགས་བཤད་༡༣༢་ལྷོད་དེ་ཡོདཔ་ད་ སྤྱི་ཟླ་༧་པ་ལས་༩་པ་ཚུན་ཚོད་ ཉོགས་བཤད་༧༢་ལས་འགལ་ཏེ་མ་ལྷོད་པས།

ལས་སྡེ་ཚུ་གི་གྲལ་ལས་འབད་བ་ཅིན་ དུས་ཅི་ སྤྱི་ཟླ་༧་པ་ལས་༩་པ་ཚུན་ཚོད་ ཉོགས་བཤད་མཐོ་ཤོས་ར་ ས་གནས་གཞུང་ནང་ལས་ ༢༠་ལྷོད་དེ་ཡོདཔ་ད་ དེ་གི་འོག་ལས་ར་ ལས་འཛིན་ཚུ་ལས་ལྷོད་ནུག

ཨིན་རུང་ ལྷན་ཚོགས་ནང་ལུ་ ལྷན་ཁག་༥་དང་ སྲིད་དོན་ཚོགས་པ་ དེ་ལས་ དྲང་ཁྲིམས་ཀྱི་ནང་ལས་ ཉོགས་བཤད་ ཕུད་རྡོ་ཅིག་ཡང་མ་ལྷོད་པས།

དེ་ལས་ རྫོང་ཁག་ཚུ་གི་གྲལ་ལས་འབད་བ་ཅིན་ ཉོགས་བཤད་མཐོ་ཤོས་རང་ ཐིམ་ཕུག་ལས་ ༡༩་ལྷོད་དེ་སྦེ་འདུག

ཨིན་རུང་ བཀྲ་ཤིས་གཡང་རྩེ་དང་ལྷུན་རྩེ་ དེ་ལས་ མགར་ས་རྫོང་ཁག་ཚུ་ནང་ལས་ ཉོགས་བཤད་ ཕུད་རྡོ་ཅིག་ཡང་ མ་ལྷོདཔ་ཨིན་མས།

ངན་ལྷད་ཀྱི་དབྱེ་ཁག་གི་ཐད་ལུ་འབད་བ་ཅིན་ མཐོ་ཤོས་ར་ དབང་ཚད་ལོག་སྤྱོད་འབད་མི་དང་ ཆགས་དང་ཕྱོགས་རིས་བསྐྱེད་མི་འདི་ཨིནམ་ད་ དེ་ཡང་ ཉོགས་བཤད་༢༨་ལྷོན་ནུག

འདི་བཟུམ་སྦེ་ ཉོགས་བཤད་ཚུ་གི་གྲལ་ལས་ མང་ཤོས་ར་ མ་དངུལ་དང་རྒྱུ་དངོས་ ལ་སོགས་པའི་ཐོན་སྐྱེད་ཚུ་དང་འབྲེལ་བ་ཡོདཔ་སྦེ་ཨིན་མས།

རང་བཞིན་ཐོན་སྐྱེད་དང་ བཙག་འཐུ་དང་འབྲེལ་བའི་ ཉོགས་བཤད་འདི་ཡང་ ག་ནི་ཡང་ མ་འཐོབ་ཨིན་མས།

ཨིན་རུང་ བདག་སྐྱོང་དང་འབྲེལ་བའི་ ཉོགས་བཤད་མང་ཤོས་ཅིག་ར་ དངས་ལེན་དང་བརྡ་སྤྲོད་ཀྱི་དོན་ལས་ འབྲེལ་བ་ཡོད་པའི་ལས་སྡེ་ཚུ་ལུ་ སྤྲོད་ཡོདཔ་ད་ ཉོགས་བཤད་ལྷོད་མི་ཚུ་གི་གྲལ་ལས་༡༡་འདི་ དབྱེ་ཞིབ་འབད་དགོཔ་ཡོདཔ་སྦེ་འཐོན་ཏེ་སྦེ་འདུག