གཟའ་ཉི་མ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༡

བློན་ཆེན་མཆོག་གིས་ འཛམ་གླིང་སྤྱི་ཚོགས་ཀྱི་ཞལ་འཛོམས་དང་འབྲེལ་ ལས་རིམ་ཁག་མང་རབ་ཅིག་ནང་ལུ་ གྲལ་ཁར་གཏོགས་ཡོདཔ།

སྤྱི་ཟླ་༩ པའི་ཚེས་ ༢༩ ༢༠༡༥

Commitment at UNGA-jpg༉ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ ནིའུ་ཡོཀ་ལུ་སྦེ་ འཛམ་གླིང་སྤྱི་ཚོགས་ ཡུན་བརྟན་གོང་འཕེལ་གྱི་ ཞལ་འཛོམས་དང་འབྲེལ་ཏེ་ ལས་རིམ་ཁག་མ་འདྲཝ་ཚུ་ནང་ལུ་ཡང་ གྲལ་ཁར་གཏོགས་གནང་ནུག

ཁ་ཉིམ་དྲོ་པ་ བློན་ཆེན་གྱིས་ ཕོ་མོ་འདྲ་མཉམ་དང་ ཨམ་སྲུའི་དབང་ཆ་གི་ཐོག་ལུ་ རྒྱལ་སྤྱིའི་དབུ་ཁྲིདཔ་ཚུ་གི་ ཞལ་འཛོམས་ཅིག་ནང་ གྲལ་ཁར་གཏོགས་ཏེ་ ཁས་ལེན་གྱི་གསུང་བཤད་ཅིག་གནང་ནུག

བློན་ཆེན་གྱིས་ བེ་ཇིང་གི་གསལ་བསྒྲགས་འདི་ ག་དེ་མགྱོགས་མགྱོགས་ གཞི་བཙུགས་འབད་ནི་དང་ སྤྱི་ལོ་༢༠༣༠་གི་ གྲོས་གཞི་ནང་ལུ་ ཕོ་མོ་འདྲ་མཉམ་གྱི་ དམིགས་ཡུལ་དང་ དབང་ཆའི་སྐོར་ལས་ཡོད་པའི་ གནད་དོན་ཚུ་གྲུབ་ནི་ནང་ འབྲུག་གི་ཁ་ཐུག་ལས་ ཁས་ལེན་ཡོད་ཟེར་གསུང་ནུགGEF Meeting-

ད་རུང་ བློན་ཆེན་གྱིས་ ཡུན་བརྟན་གོང་འཕེལ་དམིགས་ཡུལ་གྱི་སྐོར་ལས་ ཆེ་མཐོའི་གནས་རིམ་གྱི་ གྲོས་བསྡུར་ལས་རིམ་ཅིག་ནང་ལུ་ཡང་ གྲལ་ཁར་གཏོགས་གནང་ནུག

དེ་ལས་ བློན་ཆེན་གྱིས་ ང་བཅས་རའི་འཛམ་གླིང་ཉེན་སྲུང་འབད་ནི་དང་ གནམ་གཤིས་འགྱུར་བ་ བཀག་ནི་ཟེར་བའི་ བརྗོད་དོན་ཐོག་ལུ་འགོ་འདྲེན་འཐབ་མི་ གྲོས་བསྡུར་ལས་རིམ་ཅིག་ནང་ཡང་ གྲལ་ཁར་གཏོགས་གནང་ནུག

དེ་གི་མ་ཚད་ རྒྱལ་སྤྱི་མཐའ་འཁོར་མཐུན་རྐྱེན་གྱི་ ལས་རིམ་ཅིག་ནང་ལུ་ གྲོས་ཚོགས་ཀྱི་འཐུས་མི་སྦེ་ གྲལ་ཁར་གཏོགས་གནང་ནུག