གཟའ་ཟླ་བ། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༧

ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ གཞུང་བཞེས་འབད་དེ་ཡོད་པའི་ཆང་གི་རིགས་ཚུ་ རིན་བསྡུར་འབད་ཡོདཔ།

སྤྱི་ཟླ་༩ པའི་ཚེས་ ༢༩ ༢༠༡༥

ACC auction༉ འཕྲལ་ཁམས་ཅིག་ཁར་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཕུན་ཚོགས་གླིང་ལུ་ ཆང་བཀྲམ་སྤེལ་འབད་མི་ ཚོང་ཁང་༢་གི་ནང་ལས་ གཞུང་བཞེས་འབད་དེ་ཡོད་མི་ ཆང་གི་རིགས་འདི་ཚུ་ ད་རིས་ རིན་བསྡུར་འབད་ནུག

དེ་གི་སྐབས་ དངུལ་ཀྲམ་ས་ཡ་༣་ལྷགཔ་ཅིག་འཐོབ་ནུག མ་གཞི་ ཆང་རིགས་འདི་ཚུ་གུ་ བཀོད་དེ་ཡོད་མི་ གོང་ཚད་དང་འཁྲིལཔ་ད་ ཡོངས་བསྡོམ་འདི་ དངུལ་ཀྲམ་ས་ཡ་༧་ལྷགཔ་ཅིག་ཨིན་མས།

རིན་བསྡུར་འདི་ཡང་ ཆང་འདི་ཚུ་གུ་བཀོད་དེ་ཡོད་མི་ གོང་ཚད་འདི་ལས་ བརྒྱ་ཆ་༡༥་མར་ཕབ་འབད་དེ་ དེ་ཁ་ལས་སྦེ་ འགོ་བཙུགས་ཡོདཔ་ད་ རིན་བསྡུར་ནང་ལུ་ མི་ངོམ་༥་གིས་ གྲལ་ཁར་གཏོགས་ནུག

ཨིན་རུང་ ཆང་ལ་ལོ་གཅིག་ བཙོང་མ་ཚུགས་པ་ལུས་ནུག གཞུང་བཞེས་འབད་དེ་ཡོད་མི་ ཁྱིམ་བརྐྱབ་ནིའི་ཅ་ཆས་ཚུ་དང་ སྨན་གྱི་རིགས་ཚུ་གི་དོན་ལུ་ རིན་བསྡུར་འབད་མི་ ག་ཡང་མ་འཐོནམ་ཨིན་མས།

ཚོང་ཆས་ཚུ་ཡང་ ངན་ལྷད་དང་འབྲེལ་བའི་ གནད་དོན་ དཔེར་ན་ ཁྲལ་ལས་ཟུར་ཐབས་འབད་མི་དང་ ནང་གསུག་བྱིན་མི་ དེ་ལས་ གཡོ་སྒྱུའི་ལཱ་ཚུ་ལས་བརྟེན་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ གཞུང་བཞེས་འབད་ཡོདཔ་ཨིན།