གཟའ་ལྷག་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༧

སྤ་རོ་སྐྱིད་ཆུ་ལྷ་ཁང་ནང་ལུ་ དཔལ་ཆེན་སྒྲུབ་ཆེན་ གནང་པའི་བསྒང་ར་ཡོདཔ།

སྤྱི་ཟླ་༩ པའི་ཚེས་ ༢༩ ༢༠༡༥

Kyiche Drupchen-Concludes ༉ སྤ་རོ་སྐྱིད་ཆུ་ལྷ་ཁང་ནང་ལུ་སྦེ་ དཔལ་ཆེན་སྒྲུབ་ཆེན་གནང་པའི་བསྒང་ར་ཡོད་མི་དང་འབྲེལ་ ཁ་ཙ་ མི་དབང་རྒྱལ་ཡུམ་སྐུ་བགྲེས་ ཨ་ཞེ་སྐལ་བཟང་ཆོས་སྒྲོན་དབང་ཕྱུག་མཆོག་གིས་ དིལ་མགོ་མཁྱེན་རྩེ་ཡང་སྲིད་རིན་པོ་ཆེ་ལུ་ སྐུ་གསུང་ཐུགས་ཀྱི་ མན་དྲལ་ཕུལ་གནང་ཡི།

དཔལ་ཆེན་སྒྲུབ་ཆེན་ ཐེངས་༥༠་པ་འདི་ སྤྱི་ཟླ་འདི་གི་སྤྱི་ཚེས་༢༢་ལས་ འགོ་བཙུགས་ཡོདཔ་ཨིན།

མི་དབང་འབྲུག་རྒྱལ་བཞི་པ་མཆོག་གི་ཁ་ཐུག་ལས་སྦེ་ དིལ་མགོ་མཁྱེན་རྩེ་ཡང་སྲིད་རིན་པོ་ཆེ་གིས་ མི་དབང་རྒྱལ་ཡུམ་སྐུ་བགྲེས་མཆོག་ལུ་ སྐུ་གསུང་ཐུགས་ཀྱི་མན་དྲལ་ཚུ་ ཕུལ་ཡི།

འདི་ཁར་ལུ་ མི་དབང་སྐུ་འཁོར་ཚུ་ཡང་ བྱོན་ཡོདཔ་ཨིན།BookLuanch-KyichuDrupchen

སྐྱིད་ཆུ་དཔལ་ཆེན་སྒྲུབ་ཆེན་འདི་ཡང་ རྒྱལ་ཁབ་ནང་ལུ་ དགའ་སྐྱིད་དང་ ཞི་བདེ་འབྱུང་ཐབས་ལུ་ དམིགས་ཏེ་ གནངམ་ཨིན་མས།

སྒྲུབ་ཆེན་དང་འབྲེལ་ དིལ་མགོ་མཁྱེན་རྩེ་ཡང་སྲིད་རིན་པོ་ཆེ་གིས་ “སྐྱིད་ཆུ་ལྷ་ཁང་ The Sacred Jewel of Bhutan” ཟེར་མི་ཀི་དེབ་ཅིག་ཡང་ གསར་བཏོན་མཛད་གནང་ནུག

ཀི་དེབ་འདི་ཡང་ མི་དབང་རྒྱལ་ཡུམ་སྐུ་བགྲེས་མཆོག་དང་ དཔལ་ཆེན་སྒྲུབ་ཆེན་ ཐེངས་༥༠་པ་ལུ་ གུས་བཏུད་བཟུམ་ཅིག་སྦེ་ཨིན་མས།