གཟའ་སྤེན་པ། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༥

ནུབ་ཕྱོགས་དང་ཤར་ཕྱོགས་རྫོང་ཁག་གི་བར་ནའི་གཞུང་ལམ་རྒྱ་སྐྱེད་ཀྱི་ལཱ་འདི་ སྤུས་ཚད་ལྡནམ་སྦེ་ དུས་ཚོད་ཁར་མཇུག་བསྡུ་མ་ཚུགས་པ་ཅིན་ ཁག་འབགཔ་གི་ལཱ་ ཆ་མེད་བཏང་ནི་ཨིནམ།

སྤྱི་ཟླ་༨ པའི་ཚེས་ ༢༥ ༢༠༡༥

Contract༉ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་གསུང་མི་ནང་ ནུབ་ཕྱོགས་དང་ཤར་ཕྱོགས་རྫོང་ཁག་གི་བར་ནའི་གཞུང་ལམ་རྒྱ་སྐྱེད་བཏང་ནི་དང་རྩི་ནག་བཏང་ནི་གི་ལཱ་འདི་ སྤུས་ཚད་ལྡནམ་སྦེ་ དུས་ཚོད་ཁར་མཇུག་བསྡུ་མ་ཚུགས་པ་ཅིན་ ཁག་འབགཔ་གི་ལཱ་འདི་ ཆ་མེད་བཏང་ནི་ཟེར་ཨིན་མས།

འདི་ཡང་ བློན་ཆེན་གྱིས་ ཁ་ཙ་ གཞུང་ལམ་རྒྱ་བསྐྱེད་ཀྱི་ལས་འགུལ་ནང་ལུ་གྲལ་གཏོགས་ཡོད་པའི་ཁག་འབགཔ་ཚུ་དང་ཅིག་ཁར་ཕྱད་གནང་པའི་སྐབས་ གསུང་ཡོདཔ་ཨིན།

བློན་ཆེན་གྱིས་གསུང་མི་ནང་ གཞུང་ལམ་རྒྱ་སྐྱེད་ཀྱི་ལས་འགུལ་འདི་ཡང་ སྤྱི་ལོ་༢༠༡༧་ལུ་ མཇུག་བསྡུ་ཚུགས་པའི་དམིགས་གཏད་སྐྱེད་དེ་ཡོད་ཟེར་ཨིན་མས།

འདི་འབདཝ་ལས་ གཞུང་ལམ་འདི་ དུས་ཚོད་ཁ་ལུ་མཇུག་བསྡུ་ཚུགས་ནི་གི་དོན་ལས་ ཁག་འབགཔ་གི་ལཱ་འདི་ཡང་ བམ་ཚན་༣༤་གུར་བཟོ་བཞིན་ན་ བཀྲམ་སྟེ་ཡོདཔ་སྦེ་ཨིན་མས།

བློན་ཆེན་ཚེ་རིང་སྟོབས་རྒྱས་གསུང་མི་ནང་ ཁག་འབགཔ་ཚུ་གིས་ ཟླཝ་ངོ་གསུམ་གྱི་བར་ནའི་ལཱ་གི་འཆར་གཞི་ཚུ་ ཞབས་ཏོག་ལྷན་ཁག་ནང་ལུ་ གསལ་ཞུ་ཕུལ་དགོ་ཟེར་ཨིན་མས།

ཨིན་རུང་ དབང་འདུས་ཕོ་བྲང་ལས་ བཀྲིས་སྒང་ཚུན་གྱི་ གཞུང་ལམ་རྒྱ་སྐྱེད་ཀྱི་ལཱ་འབདཝ་ད་ སྣུམ་འཁོར་གྱི་བརྒྱུན་འགྲུལ་འཐབ་ནི་གི་ དུས་ཚོད་འདི་ཡང་ ནུབ་མོ་ ཆུ་ཚོད་གཅིག་གི་རིང་ལུ་རྐྱངམ་ཅིག་ བཀག་ཆ་འབད་ནི་ཨིན་མི་ལས ཧེ་མ་བཟུམ་སྦེ་ སྣུམ་འཁོར་རྒྱུན་འགྲུལ་གྱི་ནང་ལུ་ སྟབས་མ་བདེཝ་མི་ཐོན་ཟེར་གསུང་ཡི།

ད་རུང་ བློན་ཆེན་གྱིས་ གཞུང་ལམ་རྒྱ་སྐྱེད་ཀྱི་ལཱ་འདི་ སྤུས་ཚད་དང་ལྡནམ་སྦེ་ དུས་ཚོད་ཁར་མཇུག་བསྡུ་ཚུགས་ནི་གི་དོན་ལས་ ཁག་འབགཔ་གི་ལཱ་བརྟག་དཔྱད་འབད་ནི་གི་དུས་ཚོད་འདི་ཡང་ ལོ་གཅིག་ལས་ ལོ་གསུམ་གུར་ ཡར་སེང་འབད་དགོཔ་སྦེ་གསུངས་ཏེ་ཡོདཔ་ཨིན།