གཟའ་ཕུར་བུ། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༣

དུས་ཅི་ ཞི་གཡོག་ནང་ས་སྟོང་ཡར་སེང་འགྱོ་ཡོདཔ།

སྤྱི་ཟླ་༧ པའི་ཚེས་ ༣༠ ༢༠༡༥

RCSC Vacancies༉ དུས་ཅི་ ཞི་གཡོག་ནང་ལུ་ གཡོག་གི་ས་སྟོང་འདི་ ན་ཧིང་དང་འཕྱདཔ་ད་ ༢༥དེ་ཅིག་གིས་ ཡར་སེང་འགྱོ་ཡོདཔ་དང་ འདི་ཡང་ ད་རིས་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ ཞི་གཡོག་ནང་ལུ་ ས་སྟོང་༤༣༤ཡོདཔ་སྦེ་ གསལ་བསྒྲགས་འབད་ཡོདཔ་ཨིན།

ཞི་གཡོག་ནང་ལུ་ ས་སྟོང་༤༣༤འབད་ས་ལས་ མཐོ་ཤོས་ར་ འཕྲུལ་རིག་གི་ནང་ལུ་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ཚུ་གི་དོན་ལས་༢༡༠དང་ འདི་གི་ཤུལ་ལས་ར་ ཤེས་རིག་གི་ནང་ལུ་ མཐོ་རིམ་གོང་མའི་ཤེས་ཡོན་གྱི་དོན་ལས་ ༡༤༨ དེ་ལས་ མི་དམངས་བདག་སྐྱོང་གི་ མཐོ་རིམ་གོང་མའི་ཤེས་ཡོན་གྱི་དོན་ལས་ ༣༦དང་ དངུལ་འབྲེལ་འཛིན་སྐྱོང་གི་ནང་ལུ་ མཐོ་རིམ་གོང་མའི་ཤེས་ཡོན་གྱི་ནང་ལུ་༣༠ འདི་བཟུམ་འབད་ རྒྱལ་ཡོངས་ཁྲིམས་འབྲེལ་གྱི་མཐོ་རིམ་གོང་མའི་ཤེས་ཡོན་གྱི་ནང་ལུ་ ས་སྟོང་༡༠གསལ་བསྒྲགས་འབད་དེ་ཡོདཔ་ཨིན།

ཤེས་རིག་གི་ནང་ལུ་ མཐོ་རིམ་གོང་མའི་ཤེས་ཡོན་གྱི་དོན་ལས་ ས་སྟོང་༡༨དེ་ཅིག་དང་ འཕྲུལ་རིག་གི་ནང་ལུ་ ༡༣དེ་ཅིག་གིས་ ཡར་སེང་འགྱོ་སྟེ་ཡོདཔ་ཨིན་རུང་ དངུལ་འབྲེལ་འཛིན་སྐྱོང་གི་ནང་ལུ་ ༦དེ་ཅིག་གིས་ མར་ཕབ་འགྱོ་ཡོདཔ་ཨིན་མས།

ཞི་གཡོག་གི་དོན་ལས་ སྔོན་འགྲོའི་ཆོས་རྒྱུགས་འདི་ ཤུལ་མའི་ཟླཝ་ནང་ མོང་སྒར་དང་ ཐིམ་ཕུག་ལུ་སྦེ་ འགོ་འདྲེན་འཐབ་ནི་ཨིནམ་དང་ ཆོས་རྒྱུགས་འདི་གི་དོན་ལས་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ ༣༦༠༠ལྷགཔ་ཅིག་གིས་ ཐོ་བཀོད་འབད་དེ་ཡོདཔ་ཨིན།