གཟའ་མིག་དམར། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༨

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་སྤ་རོ་ལུ་གཟིགས་བསྐོར་གནང་ཡོདཔ།

སྤྱི་ཟླ་༧ པའི་ཚེས་ ༣༠ ༢༠༡༥

HM in Paro Wochu  ༉ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཁ་ཙ་ སྤ་རོ་རྫོང་ཁག་ ལུ་ཉིད་རྒེད་འོག་ འུ་ཆུ་གཡུས་ཚན་གྱི་མི་སེར་ཚུ་དང་མཇལ་ཕྲད་གནང་བཞིན་ན་ ལྟོ་ཁ་ཅིག་གནང་ཡི།

འདི་བཟུམ་འབད་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྤ་རོ་ལུ་ ད་ལྟོའི་བར་ན་ཡང་ མགར་བཟོའི་ལཱ་ལུ་བརྩོན་ཤུགས་སྐྱེད་མི་ཚུ་གི་གྲལ་ལས་ མཇུག་ལུས་ཏེ་ཡོད་མི་ ཁོང་མགརཝ་གསུམ་ལུ་ཡང་ མཇལ་ཕྲད་གནང་སྟེ་ཡོདཔ་ཨིན།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ ཁོང་མགརཝ་ཚུ་གི་ཁ་ཐུག་ལས་ ཁོང་ར་ཆ་ཁྱབ་ཀྱིས་བརྡུང་སྟེ་ཡོད་མི་དཔའ་རྟགས་དང་གྱི་ཅུ་ཚུ་ཕུལ་ཡི།

འུ་ཆུ་པའི་མགརཝ་ཚུ་ཡང་ དཔའ་རྟགས་བརྡུང་ནི་གི་ནང་ལུ་ ཡོངས་གྲགས་ཅན་ཅིག་ཨིན་རུང་ ད་རེས་ ཉམས་འགྱོ་དོ་ཡོདཔ་སྦེ་ཨིན་མས།

མི་དབང་མངའ་ཞབས་མཆོག་གིས་ སྣག་ཚང་གི་ཤུལ་ཡོད་ས་ལུ་ཡང་ གཟིགས་བསྐོར་གནང་སྟེ་ཡོདཔ་ཨིན།

གཡུས་ཁའི་མི་ཚུ་དང་འཁྲིལཔ་ད་ སྣག་ཚང་འདི་ཡང་ དང་ཕུག་ འབྲུག་རྒྱལ་གཉིས་པའི་སྐབས་ འུ་ཆུ་དྲུང་པ་གི་སྡོད་ཁྱིམ་དང་ཡིག་ཚང་ཅིག་ཨིནམ་སྦེ་བཤདཔ་ཨིན་མས།HM in Paro Wochu--

ད་རུང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བྱ་ཞིང་ནང་ལས་ཕར་བྱོན་བཞིན་ན་ མི་སེར་བྱ་གཡུར་རྐྱབ་སྡོད་མི་ཚུ་དང་ཡང་ འབྲེལ་མཐུན་མཛད་གནང་ཡི།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ས་གནས་ཚོང་ས་ལུ་སྦེ་ ལུང་ཉིད་རྒེད་འོག་གི་མི་སེར་ཚུ་ལུ་ ལྟོ་ཁ་གཅིག་གནང་ཡོདཔ་ད་ དེ་བསྒང་ འུ་ཆུ་པའི་བཞེས་རྩིས་ཏེ་ རུང་ལུགས་ཀྱི་ལས་རིམ་ཚུ་ཡང་སྤྱན་འབུལ་ཕུལ་ཏེ་ཡོདཔ་ཨིན།

འདི་བཟུམ་སྦེ་ དྲོ་པ་ཁམས་ཅིག་ཁར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭ་ནང་ལུ་བྱོན་གནང་སྟེ་ འདི་ནང་གི་ལེགས་སྦྱང་བ་དང་སྦྱོང་བརྡར་པ་༨༠༠་ལྷགཔ་ཅིག་ལུ་ མཇལ་འཕྲད་གནང་ནུག

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་གསུང་མི་ནང་ སློབ་དཔོན་ཅིག་འབད་བའི་བསྒང་ལས་ འགན་ཁུར་འདི་སྦོམ་སྦེ་རང་ ཕོག་འོང་ཟེར་ཨིན་མས།HM in Paro Wochu-

ད་རུང་ མི་དབང་མངའ་ཞབས་མཆོག་གིས་ ཀི་དེབ་ལྷག་ནི་འདི་ ག་དེ་ཅིག་ཁག་ཆེཝ་ཨིན་ནའི་སྐོར་ལས་ཡང་ བཀའ་སློབ་བཟང་པོ་ཚུ་གནང་ཡོདཔ་མ་ཚད་ མི་དབང་མཆོག་ཁོ་ར་ ཀི་དེབ་ལྷན་ནི་ནང་ ག་དེ་ཅིག་སྤྲོ་བ་བསྐྱེདཔ་ཨིན་ནའི་སྐོར་ལས་ཡང་ གསུང་གནང་ནུག

མི་དབང་མངའ་ཞབས་མཆོག་གི་ཕྱག་ཞུ་སྟེ་ཡོད་མི་ སྐྱིད་སྡུག་གསོ་བའི་སྡེ་ཚན་གྱིས་ མི་སེར་ཚུ་ལུ་ གསོ་བའི་བརྟག་དཔྱད་ཚུ་ཡང་ འགོ་འདྲེན་འཐབ་སྟེ་ཡོདཔ་ཨིན།