གཟའ་ཉི་མ། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༦

ཨ་རི་ཁ་སློབ་གྲྭའི་སློབ་ཕྲུག་ཚུ་ཐིམ་ཕུག་ལུ་བལྟ་བསྐོར་ནང་འོང་ཡོདཔ།

སྤྱི་ཟླ་༧ པའི་ཚེས་ ༢༧ ༢༠༡༥

ArikhaStudents-On Tour༉ ཆུ་ཁ་ལུ་ཡོད་པའི་ ཨ་རི་ཁ་སློབ་གྲྭ་ཆུང་བ་གིས་ ད་རུང་ར་ སློབ་ཕྲུག་ཚུ་ སྤ་རོ་དང་ཐིམ་ཕུག་ལུ་ ཤེས་ཡོན་བལྟ་བསྐོར་གྱི་དོན་ལུ་ འཁྱིད་འོང་སྟེ་འདུག

ད་རེས་ཀྱི་སྐབས་ ལོ་ཕྱེད་ཆོས་རྒྱུགས་ནང་ལུ་ སྐུགས་ཚད་བརྒྱ་ཆ་༨༠་ཡན་ཆད་འཐོབ་མི་ སློབ་ཕྲུག་༢༩་འོང་ནུག

ན་ཧིང་ སློབ་གྲྭ་འདི་གི་ སློབ་དབུ་འཛིན་གྱིས་ ལས་རིམ་འདི་འགོ་བཙུགས་པའི་སྐབས་ སློབ་ཕྲུག་༡༡་འཐོན་ཡོདཔ་ཨིན་མས།

ཁོང་མང་ཤོས་ཅིག་ར་ ཐིམ་ཕུག་དང་སྤ་རོ་ལུ་ འགོ་དང་པ་ལྷོདཔ་ཨིན་མས།ArikhaStudents-On Tour-

སྤ་རོ་ལུ་ ཤེས་ཡོན་བལྟ་བསྐོར་འབད་བའི་ཤུལ་ལུ་ སྡེ་ཚན་འདི་ ཁ་ཙ་ ཐིམ་ཕུག་ལུ་ལྷོད་ཅི།

ཁོང་ཆ་ཁྱབ་ཀྱིས་གྲལ་ལས་གཅིག་ སློབ་རིམ་༦་པའི་སློབ་ཕྲུག་ ཟླ་བ་གྲགས་པ་ཨིན་མས།

ཁོ་ར་ ཕམ་མཉམ་ཆུང་གི་ཨ་ལོ་འབདཝ་ལས་ ད་རེས་ ཐིམ་ཕུག་ལུ་ འགོ་དང་པ་ ལྷོད་ཚུགས་མི་ལུ་ སྤྲོ་བ་སྦོམ་སྦེ་ར་བྱུང་སྟེ་འདུག

ཁོང་ སློབ་ཕྲུག་ག་ར་གིས་ ཁོང་རའི་ དཔེ་ཆ་ནང་ལུ་ གྲུབ་འབྲས་ལེགས་ཤོམ་བཏོན་ཏེ་འདུག

ལས་རིམ་འགོ་བཙུགས་མི་ སློབ་དབུ་འཛིན་གྱིས་སླབ་མི་ནང་ དེ་བཟུམ་མའི་ ལས་རིམ་ལས་བརྟེན་ སློབ་ཕྲུག་ཚུ་གི་བརྒྱུད་ལུ་ ཁྱད་པར་སྦོམ་བཟོ་སྟེ་ཡོད་ཟེར་ཨིནམ་མ་ཚད་ སེམས་ཤུགས་ཡང་བྱིན་ཚུགས་ཏེ་ཡོད་ཟེར་ཨིན་མས།

སློབ་གྲྭ་གི་ཁ་ཐུག་ལས་ སང་ཕོད་ཀྱི་ བལྟ་བསྐོར་དོན་ལུ་ མ་དངུལ་རྒྱབ་བསྐྱོར་འབད་མི་ཡང་ སྒྲ་སྒྲིག་འབད་ཡོདཔ་ལས་ སློབ་ཕྲུག་ ག་དེ་མང་མང་གིས་ ཁོང་རའི་ ཆོས་རྒྱུགས་ནང་ལུ་ གྲུབ་འབྲས་ལེགས་ཤོམ་བཏོན་ཚུགས་པའི་ རེ་བ་བསྐྱེད་དེ་འདུག